ཞིང་ལས་ཞིང་སྡེ་པུའུ་ཡིས2022ལོར་རང་རྒྱལ་གྱི་འབྲུ་རིགས་སྤྱིའི་ཐོན་ཚད་རྒྱ་མ་དུང་ཕྱུར13731ལ་སླེབས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བསྐྲུན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཟླ1པོའི་ཚེས18ཉིན་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་བསྡུས་ནས། 2022ལོའི་ཞིང་ལས་ཞིང་སྡེའི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་མཚམས་སྦྱོར་བྱས། ཞིང་ལས་ཞིང་སྡེ་པུའུ་ཡི་སྤྱི་ཁྱབ་ཞིང་ལས་ལག་རྩལ་མཁས་ཅན་དང་འཕེལ་རྒྱས་འཆར་འགོད་ཟིའི་ཟི་ཀྲང་ཚིན་ཡན་ཏི་ཡིས་མངཚམས་སྦྱོར་བྱེད་རྒྱུར། 2022ལོར་རང་རྒྱལ་གྱི་འབྲུ་རིགས་ཐོན་ཚད་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བསྐྲུན་ཡོད། འབྲུ་རིགས་རྨོ་འདེབས་རྒྱ་ཁྱོན་མུའུ་དུང་ཕྱུར17.75དང་ལོ་སྔོན་མ་ལས་མུའུ་ཁྲི1052ཇེ་མང་དུ་སོང་ལ། ཐོན་ཚད་རྒྱ་མ་དུང་ཕྱུར13731དང་རྒྱ་མ་དུང་ཕྱུར4ཇེ་མང་དུ་སོང་ནས། བསྟུད་མར་ལོ8རིང་རྒྱ་མ་དུང་ཕྱུར་ཁྲི1.3ཡན་རྒྱུན་འཁྱོངས་ཐུབ་ཡོད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།