ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་བདེ་པུའུ་ཡིས་ལོ་གསར་སྔ་རྗེས་ཀྱི་བདེ་འཇགས་གཏན་འཇགས་སྲུང་སྐྱོང་ལས་དོན་ལ་བཀོད་སྒྲིག་བྱས་ཏེ་མང་ཚོགས་ཀྱིས་བདེ་སྐྱིད་ངང་ལོ་སར་བར་ཁག་ཐེག་བྱས།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས18ཉིན་སྤྱི་བདེ་པུའུ་ནས་རྒྱུས་ལོན་པ་ལྟར་ན། སྤྱི་བདེ་པུའུ་ཡིས་ཉེ་སྔོན་ཚོགས་འདུ་བསྡུས་ནས། གཟབ་ནན་དང་དོན་དངོས། ཞིབ་ཕྲ་བཅས་ཀྱི་སྒོ་ནས་ལོ་གསར་སྔ་རྗེས་ཀྱི་བདེ་འཇགས་གཏན་འཇགས་སྲུང་སྐྱོང་གི་བྱེད་ཐབས་སྣ་ཚོས་དངོས་འབེབས་བྱེད་པར་བཀོད་སྒྲིག་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་བདེ་སྐྱིད་ངང་དུས་ཆེན་རོལ་བར་ཁག་ཐེག་དང་། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་གཏན་འཇགས་ཡོང་བར་ཁག་ཐེག་བྱས། 

སྤྱི་བདེ་པུའུ་ཡིས། རིགས་སྣ་ཚོགས་ཀྱི་འགལ་ཟླའི་གནད་དོན་ལ་དོ་སྣང་ཟབ་མོ་བྱེད་པ་དང་། ལྷག་པར་དུ་དུས་ཆེན་སྐབས་འབྱུང་སླ་བ་དང་བྱུང་ཐེངས་མང་པའི་ཁྱིམ་ཚང་དང་ཁྱིམ་མཚེས། བཟའ་ཚང་། ངལ་རྩོལ་གླ་ཆ་སོགས་ཀྱི་འགལ་ཟླའི་རྩོད་གླེང་ལ་དམིགས་ནས། འགལ་བ་རྩད་གཅོད་ཞི་ལྷོད་དུ་གཏོང་བར་དམ་འཛིན་བྱས་ནས་དོན་རྐྱེན་ཚབས་ཆེན་རིགས་འབྱུང་བར་སྔོན་འགོག་བྱེད་དགོས། མིག་སྔའི་བདེ་སྲུང་ཆོས་ཉིད་ཀྱི་ཁྱད་ཆོས་ལ་ཡང་དག་སྒོས་དམ་འཛིན་བྱས་ནས། ཡུལ་བབ་དང་བསྟུན་ནས་ཁ་གཏད་རང་བཞིན་ཆེ་བ་དང་ཕན་འབྲས་ཐོན་སླ་བའི་རྒོལ་རྡུང་བཅོས་སྐྱོང་བྱ་སྤྱོད་སྤེལ་ཏེ། ཁྲིམས་འགལ་ནག་ཉེས་སྐོར་ཞིག་འབྱུང་བའི་རྣམ་པ་བཀག་འགོག་བྱེད་དགོས། སྤྱི་ཚོགས་ངོས་ཀྱི་ཉེན་རྟོག་དམག་ཤུགས་ཇེ་ཆེར་བཏང་ནས། རིམ་པ་མཐོ་བའི་འགོག་སྡོམ་ཉེན་ཟོན་སྲུང་འཛིན་གྱིས་གཙོ་གནད་ས་ཚིགས་དང་མི་སྣ་འདུ་འཛོམས་ཆེ་སའི་སྐོར་ཞིབ་ཚོད་འཛིན་ལ་ཤུགས་སྣོན་པ་དང་། སྤྱི་ཚོགས་ངོས་ཀྱི་བརྟན་བརླིང་དང་གོ་རིམ་ལྡན་པར་ཁག་ཐེག་བྱེད་དགོས། ཉེན་ཁ་ཆེ་བའི་འགལ་རྫས་རིགས་ཀྱི་བཀག་སྡོམ་ནན་ཏན་དུ་བཏང་ནས་ཤོག་སྦག་གི་བདེ་འཇགས་ལྟ་ཞིབ་ལ་ཤུགས་སྣོན་པ་དང་། མང་ཚོགས་ཀྱིས་འོས་འཚམ་དང་ལུགས་མཐུན་སྒོས་ཤོག་སྦག་འགད་པ་དང་དཔལ་ཡོད་ལྡན་པའི་སྒོ་ནས་ཤོག་སྦག་འགད་པར་སྣེ་ཁྲིད་བྱེད་དགོས། གཞུང་ལམ་འགྲིམ་འགྲུལ་དོ་དམ་དང་ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ། མཚོ་སྐྱོད། ལྕགས་ལམ། སྤྱི་སྤྱོད་རླངས་འཁོར་སོགས་བདེ་འཇགས་འགོག་ཟོན་བྱེད་ཐབས་དངོས་འབེབས་བྱས་ཏེ། ཡུལ་སྐོར་ལྗོངས་ཁུལ་གྱི་བདེ་སྲུང་དོ་དམ་དང་མང་ཚོགས་རང་བཞིན་གྱི་བྱ་འགུལ་ཆེན་མོའི་ཞིབ་མཆན་ལྟ་སྐུལ་ལ་ཤུགས་སྣོན་དགོས་པ་དང་། ལས་རིགས་ལྟ་བཤེར་དོ་དམ་འགན་འཁྲི་དང་ཁེ་ལས་ཀྱི་གཙོ་གཞིའི་འགན་འཁྲི་དངོས་འབེབས་ལ་སྐུལ་འདེད་བཏང་ནས་སྤྱི་བའི་བདེ་འཇགས་དོན་རྐྱེན་ཚབས་ཆེན་རིགས་འབྱུང་བར་ནན་འགོག་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།