ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཧུའུ་ཉིང་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་འཁུར་བ་རྣམས་དཔྱིད་གསར་དུས་ཆེན་བསུ་བའི་བཞུགས་མོལ་ཚོགས་འདུར་ཞུགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས17ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་ཝང་ཧུའུ་ཉིང་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་འཁུར་བ་རྣམས་དཔྱིད་གསར་དུས་ཆེན་བསུ་བའི་བཞུགས་མོལ་ཚོགས་འདུའི་སྟེང་ཞུགས་ཏེ། ཆོས་ལུགས་ལས་རིགས་ཁག་གི་མི་སྣ་དང་མཉམ་དུ་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་མ་ཟད། ཀྲུང་གུང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཁག་གི་མི་སྣ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་དཔྱིད་གསར་གྱི་སྨོན་འདུན་ཞུས།

ཝང་ཧུའུ་ཉིང་གིས་ཆོས་ལུགས་ཚོགས་པ་ཁག་གི2022ལོའི་ལས་དོན་ཁག་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། 203ལོའི་ལས་དོན་ལ་བླང་བྱ་ནན་མོ་བཏོན་པ་རེད། ཁོང་གིས་བསྟན་དོན། རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པ་ཁག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་གཉིས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་གཅིག་གྱུར་ཡོང་བ་བྱ་རྒྱུ་དང་། ཏང་ཀྲུང་དབྱང་གི་ཆོས་ལུགས་ལས་དོན་གྱི་ཐབས་ཇུས་དང་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས། ཆོས་ལུགས་ལས་རིགས་ཀྱིས་གཙོ་གཟུགས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དེ་གཏིང་ཟབ་ལ་ཞིབ་ཚགས་ལྡན་པ་དང་ཏན་ཏིག་ཡོང་བ་བཅས་བྱེད་དགོས། ཆོས་ལུགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་སྔོན་འགོག་དང་སེལ་ཅི་ཐུབ་བྱ་རྒྱུ་དང་རང་ཚུགས་རང་བདག་དང་རང་སྒྲུབ་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པར་གཡོ་འགུལ་མི་གཏོང་བ། ཆོས་ལུགས་ཁྱབ་ཁོངས་ཀྱི་རྒྱུན་ལྡན་སྒྲིག་ལམ་དང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས། ཕྱོགས་ཡོངས་ནས་སློབ་གསོ་ནན་སྐྱོང་བྱ་རྒྱུ་མཐའ་འཁྱོངས་དང་ཆོས་ལུགས་ཚོགས་པའི་ནང་ཁུལ་གྱི་སྒྲིག་སྲོལ་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། ཆོས་ལུགས་རྩ་འཛུགས་ཀྱི་སྒྲིག་སྲོལ་དང་དོ་དམ་རྣམ་པ་ལེགས་བཅོས་བྱས་ཏེ་གྲོན་ཆུང་བསྲི་ཚགས་ཀྱི་སློབ་གསོའི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་དགོས།

ཝང་ཧུའུ་ཉིང་གིས། ཆོས་ལུགས་ཚོགས་པ་ནི་ཏང་དང་སྲིད་གཞུང་གིས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་བར་མཐུན་སྒྲིལ་དམ་ཟབ་བྱེད་པའི་སྦྲེལ་ཟམ་ལྟ་བུ་ཞིག་ཡིན་པས་ཏང་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་མཐུན་སྒྲིལ་མཉམ་ལས་བྱེད་པར་ཚད་མཐོའི་མཐོང་ཆེན་བྱ་རྒྱུ་དང་། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་སྔར་བཞིན་ཆོས་ལུགས་ཚོགས་པའི་ལས་དོན་ལ་རྒྱབ་སྐྱོར་གང་ལེགས་བྱས་ཏེ་དངོས་ཡོད་ཀྱི་དཀའ་ངལ་ཐག་གཅོད་དང་སེལ་རོགས་བྱེད་དགོས་ཞེས་གསུངས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥུང་བཞུགས་མོལ་ཚོགས་འདུར་ཞུགས། ཀྲུང་གོའི་ནང་བསྟན་མཐུན་ཚོགས་དང་ཀྲུང་གོའི་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས། ཀྲུང་གོའི་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས། ཀྲུང་གོའི་གནམ་བདག་ཆོས་ལུགས་རྒྱལ་གཅེས་ཚོགས་པ། ཀྲུང་གོའི་ཡེ་ཤུའི་ཆོས་ལུགས་ཀྱི་རང་གསུམ་རྒྱལ་གཅེས་ལས་འགུལ་ཨུ་ཡོན་ལྷན་ཚོགས་བཅས་ཀྱི་འགན་འཁུར་པ་གཙོ་བོས་ཚོགས་འདུའི་སྟེང་གཏམ་བཤད་གནང་། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།