ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་ཀྱི་མི་གྲངས་ཁྲི141175ལ་སླེབས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་ཟླ1པོའི་ཚེས17ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། 2022ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་ཀྱི་མི་གྲངས(ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། དངོས་ཞབས་དམག་མིའི་མི་གྲངས་བཅས་འདུས་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་སུ་སྡོད་པའི་ཀང་ཨའོ་ཐའེ་ཀྱི་སྡོད་དམངས་དང་རྒྱལ་ཁོངས་གཞན་པའི་མི་སྣ་བཅས་ཚུད་མེད)141175ལ་སླེབས་པ་དང་། ན་ནིང་གི་ལོ་མཇུག་ལས་མི་ཁྲི85ཇེ་ཉུང་དུ་སོང་ཡོད།

རྒྱལ་ཡོངས་ཀྱི་ཕྲུ་གུ་སྐྱེས་པའི་མི་གྲངས་ཁྲི956དང་ཕྲུ་གུ་སྐྱེས་ཚད6.77‰ཡིན། ཤི་བའི་མི་གྲངས་ཁྲི1041དང་ཤི་ཚད7.37‰ལ་ཡིན། མི་གྲངས་ཀྱི་རང་བྱུང་འཕར་ཚད-0.60‰ཡིན།

ཕོ་མོའི་གྲུབ་ཚུལ་ལ་བལྟས་ན། སྐྱེས་པའི་མི་གྲངས་ཁྲི72206དང་སྐྱེས་མའི་མི་གྲངས་ཁྲི68969ཡིན་པ་དང་། སྤྱིའི་མི་གྲངས་ཀྱི་ཕོ་མོའི་བསྡུར་ཚད་ནི104.69(སྐྱེས་མ་ནི100ཡིན)ལ་སླེབས་ཡོད། ལོ་ནའི་གྲུབ་ཚུལ་ལ་བལྟས་ན། ལོ16-59བར་གྱི་ངལ་རྩོལ་ན་ཚོད་མི་གྲངས་ཁྲི87556དང་དེས་རྒྱལ་ཡོངས་མི་གྲངས་ཀྱི་བསྡུར་ཚད་ཀྱི62.0%ཟིན་ཡོད། ལོ60དང་དེའི་ཡན་གྱི་མི་གྲངས་ཁྲི28004ཡོད་ལ་དེས་རྒྱལ་ཡོངས་མི་གྲངས་ཀྱི19.8%ཟིན་ལ། དེའི་ནང་ལོ65དང་དེའི་ཡན་གྱི་མི་གྲངས་ཁྲི20978ཡོད་པ་དང་དེས་རྒྱལ་ཡོངས་མི་གྲངས་ཀྱི14.9%ཟིན་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།