ཀྲུང་གོ་བོད་ཀྱི་དྲ་བ།

ལོ་སར་སྐབས་སུ་འབྲུ་རིགས་ཚོང་རའི་འཁོར་སྐྱོད་བརྟན་བརླིང་ཡིན་ལ་འདོན་སྤྲོད་འདང་ངེས་ཡོད་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལོ་གསར་སླེབས་ལ་ཉེ་བའི་སྐབས་འདིར། འབྲུ་སྣུམ་འཛད་སྤྱོད་དེ་ཆེས་ཚོང་བྲིན་པའི་དུས་སྐབས་སུ་སླེབས་ཡོད། གཙོ་གནད་དུས་ཆེན་དང་དུས་སྐབས་གལ་ཆེན་གྱི་འབྲུ་སྣུམ་ཚོང་ར་བརྟན་བརླིང་ངང་འཁོར་སྐྱོད་ཐུབ་པར་ཁག་ཐེག་བྱ་ཆེད། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ལྷན་དང་རྒྱལ་ཁབ་འབྲུ་སྣུམ་དང་དངོས་ཟོག་གསོག་ཉར་ཅུའུ་ཡིས་ཉེ་ལམ་མཉམ་འབྲེལ་སྒོས་བརྡ་སྦྱོར་བཏང་ནས། ས་ཁུལ་སོ་སོས་འབྲུ་ཁུངས་སྙོམས་སྒྲིག་ལ་ཤུགས་སྣོན་དང་ཐོན་སྐྱེད་འཛད་སྤྱོད་མཉམ་ལས་གཏིང་ཟབ་དུ་བཏང་སྟེ། ལས་སྣོན་དང་དབོར་འདྲེན། སྡེབ་སྐྱེལ་སོགས་ཀྱི་བརྒྱུད་རིམ་སོ་སོའི་ལས་དོན་ལ་སྤྱི་འདོམས་ཀྱིས་ལེགས་པོར་བསྒྲུབས་པ་དང་། ལྗང་མདོག་སྤུས་ལེགས་འབྲུ་སྣུམ་ཐོན་རྫས་ཀྱི་འདོན་སྤྲོད་ལ་དངོས་གནས་ཤུགས་བསྣན་ནས་རྒྱ་ཆེའི་ཤང་གྲོང་སྡོད་དམངས་ཀྱི་མཛད་སྤྱོད་དགོས་མཁོ་སྔར་བས་སྐོང་དགོས་པར་སྣེ་ཁྲིད་བྱས། རྒྱལ་ཁབ་འབྲེལ་ཡོད་སྡེ་ཁག་གིས་ཟླ1པོའི་ཚེས11ཉིན་ནས་བཟུང་སྲིད་ཇུས་རང་བཞིན་གྱི་གྲོ་ནས་ཕམ་ཚོང་མགོ་བརྩམས་ཏེ། གཟའ་འཁོར་རེར་ཏུན་ཁྲི14འགྲེམ་གཏོང་བྱས་ལ། ཚོད་དཔག་ལྟར་ན་ཁེ་ལས་ཀྱི་འབྲུ་བཀོལ་དགོས་མཁོ་ཅུང་ལེགས་པོར་བསྐངས་ནས་འབྲུ་རིགས་ཚོང་ར་བརྟན་བརླིང་ངང་འཁོར་སྐྱོད་ཐུབ་པར་རོགས་འདེགས་ནུས་ལྡན་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།