ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་ཙུང་ཐུང་སའེ་ཞི་ཡིས་ཆིན་ཀང་ལ་ཐུག་འཕྲད་གནང་།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས15ཉིན། ཨེ་ཅིབ་ཙུང་ཐུང་སའེ་ཞི་ཡིས་ཁའེ་ལའོ་ནས་འཚམ་འདྲིར་ཕེབས་པའི་ཀྲུང་གོའི་ཕྱི་འབྲེལ་དཔོན་ཆིན་ཀང་ལ་ཐུག་འཕྲད་གནང་།

སའེ་ཞི་ཡིས་བཤད་རྒྱུར། ངས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་རྣམ་དག་གི་འཚམ་འདྲི་བྱས་པ་ཁྱེད་ཀྱིས་བརྒྱུད་སྒྲོག་གནང་རོགས། ཡང་བསྐྱར་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གོ་ནི་རླབས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། ཀྲུང་གོའི་འཕེལ་རྒྱས་ཀྱི་སྟོབས་ཤུགས་ལ་སུས་ཀྱང་འགོག་ཐབས་མེད། ཨེ་ཀྲུང་མཛའ་བརྩེ་ལ་ལོ་རྒྱུས་ཀྱི་གཏིང་ཟབ་པས་ནམ་ཡང་འགྱུར་མི་སྲིད། ཨེ་ཅིབ་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ནམ་ཡང་ངོ་རྒོལ་བྱེད་རྒྱུ་ཡིན། ཨེ་ཀྲུང་གཉིས་ཀྱིས་ཐུན་མོང་ཐོག་རྒྱུད་གཅིག་ལམ་གཅིག་གི་གཡུར་ཏུ་ཟ་བའི་གྲུབ་འབྲས་བསྐྲུན་པ་དང་། ཨེ་ཅིབ་ཀྱིས་སྔར་ལས་མང་བའི་ཀྲུང་གོའི་ཁེ་ལས་ཨེ་ཅིབ་ཡོང་ནས་དངུལ་གཏོང་ལས་སྤེལ་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོས་ཉེ་ལམ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྡོམ་བྱེད་ཐབས་ལེགས་སྒྲིག་བྱས་པ་དང་། ཨེ་ཅིབ་མི་དམངས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ཀྲུང་གོའི་གྲོགས་པོ་ཡུལ་སྐོར་དུ་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་དང་མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་མཐུན་སྦྱོར་ལ་ཤུགས་བསྣན་ནས་ཨ་ཀྲུང་དང་ཧྥེ་ཀྲུང་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད།

ཆིན་ཀང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམ་འདྲི་དང་སྨོན་འདུན་བཟང་པོ་བརྒྱུད་སྒྲོག་བྱས་ཏེ། ཀྲུང་ཨེ་རྒྱལ་ཁབ་གཉིས་ཀྱིས་ནམ་ཡང་བློ་སེམས་གཅིག་མཐུན་དང་སོ་སྲུང་རོགས་རེས་བྱེད་པས། འཕེལ་རྒྱས་བརྩོན་ལེན་དང་ཞི་བདེར་སྐུལ་སྤེལ། དྲང་བདེན་སྲུང་སྐྱོབ་བཅས་ཀྱི་ལས་དོན་ཁྲོད་གཏིང་ཟབ་པའི་མཛའ་བརྩེ་བཙུགས་ཡོད། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཕན་ཚུན་ཡིད་རྟོན་དང་འབྲེལ་འདྲིས་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ཨེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་སྒུལ་ཤུགས་སྟོབས་དང་ལྡན་པ་བསྣན་ཡོད། ཀྲུང་གོས་ཨེ་ཅིབ་ཕྱོགས་ཀྱིས་ནམ་ཡང་ཀྲུང་གོ་གཅིག་གི་རྩ་དོན་སྲུང་འཛིན་བྱེད་པར་བསྟོད་བསྔགས་བྱེད་རྒྱུ་ཡིན་ལ། ཀྲུང་གོས་ཨེ་ཅིབ་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པར་རོགས་འདེགས་དང་། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱ་རྒྱུ་ཡིན། རང་སོ་སོའི་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་འབྲེལ་མཐུད་དམ་ཟབ་བྱས་ཏེ། གཙོ་གནད་མཉམ་ལས་ལས་གཞིའི་སྐུལ་འདེད་ཇེ་མགྱོགས་སུ་བཏང་སྟེ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་ཀྲུང་ཨ་དབུ་ཚོགས་ཀྱི་གྲུབ་འབྲས་དེ་ཨེ་ཅིབ་ནས་སྔར་ལས་མང་པོའི་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད།

ཆིན་ཀང་གིས་བཤད་རྒྱུར། ཀྲུང་གོས་ཨེ་ཅིབ་ཀྱིས་དབུས་ཤར་གྱི་ཞི་བདེ་གཏན་འཇགས་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་བྱེད་ནུས་བཏོན་པར་བསྟོད་བསྔགས་བྱ་རྒྱུ་ཡིན་ལ། མཉམ་དུ་ས་ཁུལ་གྱི་ཡུན་རིང་བདེ་འཇགས་ལ་སྐུལ་འདེད་དང་ཕ་ལེ་སི་ཐན་གནད་དོན་སྔ་མོ་ནས་དྲང་བདེན་ཐག་གཅོད་ཐུབ་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།

ཐུག་འཕྲད་རྗེས་སུ། ཆིན་ཀང་གིས་ཨེ་ཅིབ་ཕྱི་འབྲེལ་དཔོན་ཧྲུའུ་ཁའེ་ལེ་དང་བཞུགས་མོལ་གནང་། ཕྱོགས་གཉིས་ཀྱིས་ཀྲུང་ཨེའི་མཐུན་སྒྲིལ་མཉམ་ལས་དང་དཔུང་གཤིབ་མདུན་སྐྱོད་གྱི་དཔེ་སྟོན་ནུས་པ་དང་། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ལས་བརྒལ་བའི་འཐབ་ཇུས་དོན་སྙིང་ལ་ཚད་མཐོན་པོས་གདེང་འཇོག་གནང་ཞིང་། ཐུན་མོང་ཐོག་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་གང་ལེགས་བྱས་ཏེ། མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆུ་ཚད་མཐོར་འདེགས་དང་ཕྱོགས་མང་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ནས། རྒྱལ་སྤྱི་འབྲེལ་བའི་རྩ་དོན་ལ་ཐུན་མོང་སྲུང་སྐྱོང་དང་རྒྱལ་སྤྱིའི་དྲང་བདེན་དྲང་གཞག་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་པར་བསྟན། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།