ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཧོ་དང་ཨ་རིའི་ནོར་སྲིད་པུའུ་ཀྲང་ཡེ་ལུན་གཉིས་སུའེ་ཙེར་དུ་ཐུག་འཕྲད་གནང་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས16ཉིན་ཚོང་དོན་པུའུ་ཡི་གསར་འགྱུར་མགྲིན་ཚབ་པས་བཤད་རྒྱུར། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་ཚོགས་པས་འབྲེལ་གཏུག་ཡག་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་པ་ལི་གླིང་ཕྲན་དུ་མཇལ་འཛོམས་གནང་སྐབས་གཅིག་མཐུན་བྱུང་བའི་ངོས་འཛིན་གལ་ཆེན་རྣམས་དོན་འཁྱོལ་བྱེད་པ་དང་། ཆེ་མཐོང་དཔལ་འབྱོར་དང་དངུལ་རྩའི་སྲིད་ཇུས་མཐུན་སྦྱོར་ཡོང་བར་ཤུགས་སྣོན་བྱ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཧོ་དང་ཨ་རིའི་ནོར་སྲིད་པུའུ་ཀྲང་ཡེ་ལུན་གཉིས་ཟླ1པོའི་ཚེས18ཉིན་སུའེ་ཙེར་སུའུ་ལི་ཧྲི་རུ་ཐུག་འཕྲད་གནང་རྒྱུ་རེད། 

ཚོང་དོན་པུའུ་ཡི་གསར་འགྱུར་མགྲིན་ཚབ་པས་ཨ་རིའི་ནོར་སྲིད་པུའུ་ཡིས་བསྒྲགས་པའི་གནས་ཚུལ་ཏེ་ཡེ་ལུན་གྱིས་སུའེ་ཙེར་དུ་ལིའུ་ཧོ་དང་གྲོས་མོལ་གནང་རྒྱུའི་སྐོར་ནས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་གོང་གསལ་གྱི་ཨ་ལན་གནང་བ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།