ཀྲུང་གོ་བོད་ཀྱི་དྲ་བ།

《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྟེ་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་དང་པོ་སྟེང་གི་གསུང་བཤད་ཅེས་པ་སྤེལ་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས16ཉིན་པར་སྐྲུན་བྱས་པའི་འདོན་ཐེངས་གཉིས་པའི《བདེན་འཚོལ》དུས་དེབ་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྟེ《སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་དང་པོ་སྟེང་གི་གསུང་བཤད》ཅེས་པ་སྤེལ་ཡོད།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་རྒྱུ་ནི། མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གཙོ་བོ་ཡིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཆབ་སྲིད་དང་རིགས་པའི་གཞུང་ལུགས། ལག་ལེན་བཅས་ཀྱི་ཐད་ནས་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་ཡོད། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་སྣེ་ཁྲིད་དེ་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག ལག་བསྟར་བཅས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཁྱབ་ཆེ་བའི་སྒོ་ནས་ཤེས་རྟོགས་བྱེད་པ་དང་ཁོང་དུ་ཆུད་པར་སྐུལ་འདེད་གཏོང་དགོས། ཏང་ཀྲུང་དབྱང་གིས་ཇུས་ཆོད་བཀོད་སྒྲིག་གལ་ཆེན་གནང་ཐེངས་རེ་རེར། ང་ཚོས་ཏང་ཡོངས་ཀྱི་བློ་མཐུན་ཚོར་སློབ་སྦྱོང་ལ་ཤུགས་སྣོན་པ་དང་། ཏང་ཡོངས་ཀྱི་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བར་བྱས་ཏེ། མཁྲེགས་གཏོར་དཀའ་སེལ་དང་མཐུན་སྒྲིལ་ཡར་བརྩོན་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས་པར་འབོད་སྐུལ་གཏོང་བཞིན་ཡོད་ལ། དེ་ནི་ཏང་གི་ཉམས་མྱོང་བཟང་བོ་ཞིག་ཡིན།

རྩོམ་ཡིག་ལས་བསྟན་དོན། ཕྱོགས་ཡོངས་ནས་སློབ་སྦྱོང་བྱ་རྒྱུའི་ཐད་ཤུགས་སྣོན་དགོས། ཁྱོན་ཡོངས་དང་གོ་རིམ་ལྡན་པ། སློབ་སྦྱོང་གཏིང་ཟབ་བཅས་བྱས་ན། གཞི་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཆ་ཚང་བ་དང་ནོར་བ་མེད་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་གོ་བ་ལེན་ཐུབ་པར་བྱེད་པ་དང་། གང་ཞིག་འགྲིག་པ་དང་ཅི་ཞིག་སྒྲུབ་དགོས་པ། ཇི་ལྟར་སྒྲུབ་པ་བཅས་ཚང་མ་ཁོང་དུ་ཆུད་པར་བྱས་ཏེ་ལག་བསྟར་དོན་འཁྱོལ་ཡོང་ཆེད་རྨང་གཞི་བརྟན་པོ་འདིང་དགོས། ཐོག་མར་མ་ཡིག་ཀློག་དགོས་པ་དང་རྩ་བའི་རིགས་པ་རྟོགས་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུར་ཇི་མ་ཇི་བཞིན་སློབ་སྦྱོང་བྱེད་དགོས་པའི་དུས་མཚུངས་སུ། སློབ་སྦྱོང་སྙན་ཞུ་དེ་ཚོགས་ཆེན་གྱི་གསུང་བཤད་རབ་དང་རིམ་པ་དང་འབྲེལ་ཡོད་ཡིག་ཆར་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་གང་ལེགས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྙན་ཞུ་དང་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བྱེད་དགོས། སློབ་སྦྱོང་ནི་མཚན་ཉིད་དང་བཤད་སྟངས་ཁ་ཤས་ཡིད་ལ་བཟུང་ན་མི་འགྲིག་པར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་གྱི། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་ཟུང་འབྲེལ་དམ་པོ་བྱས་ནས་སློབ་དགོས་པ་དང་། ལོ་འདི་དག་གི་རིང་ལ་ང་ཚོས་བརྒྱུད་མྱོང་བའི་རྒྱུན་ལྡན་མིན་པ་དང་ཆེས་སྤྱིར་བཏང་མིན་པའི་ལོ་རྒྱུས་དང་ཟུང་འབྲེལ་བྱས་ནས་སློབ་དགོས་ལ། ང་ཚོས་བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་འཇལ་བ་བཅས་ཀྱི་ལག་ལེན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་དགོས་པ་ལས་གཞན། རྒྱལ་སྤྱིའི་ཁོར་ཡུག་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་ཟུང་འབྲེལ་བྱས་ནས་སློབ་དགོས་པར་མ་ཟད། ད་དུང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཏོན་པའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་གཏོང་རྒྱུའི་སྲིད་ཇུས་བྱེད་ཕྱོགས་དང་འཐབ་ཇུས་ཀྱི་བཀོད་སྒྲིག་སྐོར་གྱི་ལོ་རྒྱུས་ཀྱི་གཏན་ཚིགས་དང་རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས། ལག་ལེན་གྱི་གཏན་ཚིགས་བཅས་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱས་ནས་སློབ་དགོས།

རྩོམ་ཡིག་ལས་བསྟན་དོན། ཕྱོགས་ཡོངས་ནས་དམ་འཛིན་བྱེད་པའི་ཐད་ཤུགས་སྣོན་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པ་དང་ཆབ་སྲིད་ཐད་ཀྱི་གཟིགས་རྒྱང་རིང་ལ་རིགས་པའི་གཞུང་ལུགས་ཐད་ཀྱི་དགོངས་པ་ཟབ་མོ་ལྡན་ལ། དམིགས་འབེན་ཐད་ཀྱི་ཚན་རིག་དང་མཐུན་པའི་བཀོད་སྒྲིག་དང་བྱ་བའི་ཐད་ཀྱི་འཐབ་ཇུས་ཀྱི་བཀོད་སྒྲིག་ཀྱང་ཡོད་པས། དེ་དག་ནི་ཕན་ཚུན་འབྲེལ་ནས་ཡོད་པ་དང་གཅིག་གྱུར་དམ་ཚགས་ཀྱི་རྣམ་པ་ཞིག་ཡིན། ལོ་རྒྱུས་དང་དོན་དངོས་དང་། རིགས་པའི་གཞུང་ལུགས་དང་ལག་ལེན། རྒྱལ་སྤྱི་དང་རྒྱལ་ནང་བཅས་ཟུང་འབྲེལ་བྱེད་པའི་བྱེད་ཐབས་རྒྱུན་འཁྱོངས་བྱས་ཏེ། སྤྱི་དང་བྱེ་བྲག་དང་བྱེ་བྲག་དང་སྤྱིའི་བར་གྱི་འབྲེལ་བར་བསམ་བློ་ཡང་ཡང་བཏང་ན། གཞི་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ཁོང་དུ་ཆུད་ཐུབ་པ་དང་། ཕྱོགས་གཅིག་ཤེས་པ་ལས་ཕྱོགས་གཞན་མི་ཤེས་པའི་གནད་དོན་སེལ་ཐུབ་པར་མ་ཟད། འགྲིག་མི་འགྲིག་གི་རྒྱུ་མཚན་གསལ་བོར་ཤེས་ཐུབ། དཔེར་ན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ། དེ་བཞིན་དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ་ལ་ཅིས་ཀྱང་དུས་རབས་གསར་པའི་ལོ་བཅུའི་རླབས་ཆེའི་འཕོ་འགྱུར་གྱི་ནང་སྙིང་དང་དོན་སྙིང་གལ་ཆེན་ལ་ཁྱོན་ཡོངས་ནས་གོ་བ་ལེན་ཐུབ་དགོས་ལ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ། ངེས་པར་དུ་དམ་འཛིན་ནན་མོ་བྱེད་དགོས་པའི་རྩ་དོན་གལ་ཆེན་བཅས་ལ་ཁྱོན་ཡོངས་ནས་གོ་བ་ལེན་ཐུབ་དགོས་པར་མ་ཟད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཏོན་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་ཁག་ཚང་མར་ཁྱོན་ཡོངས་ནས་གོ་བ་ལེན་ཐུབ་དགོས།

རྩོམ་ཡིག་ལས་བསྟན་དོན། ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་ཐད་ཤུགས་སྣོན་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་འཆར་གཞི་དང་བཀོད་སྒྲིག་ཡོད་དགོས་པ་དང་། སྤྱིའི་དམིགས་འབེན་དང་སྤྱིའི་ཁ་ཕྱོགས། སྤྱིའི་བླང་བྱ་བཅས་ཁོང་དུ་ཆུད་པར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། དམིགས་འབེན་དང་ལས་འགན་ཁག་ཞིབ་ཚགས་ཅན་དུ་གཏོང་བ་དང་། དམིགས་འབེན་ཡོད་པའི་སྒོ་ནས་དོན་འཁྱོལ་བྱ་རྒྱུའི་ཇུས་གཞི་ཞིབ་ཕྲ་འདོན་པ། དུས་ཚོད་ཀྱི་བཀོད་སྒྲིག་ཞིབ་ཕྲ་དང་བཟོ་བཀོད་དཔེ་རིས་ཁ་གསལ་བཟོ་བ་བཅས་བྱས་ཏེ། ཏན་ཏན་ཏིག་ཏིག་གིས་མདུན་ནས་མདུན་དུ་སྤེལ་དགོས། གལ་ཆེ་ཆུང་དང་དལ་བྲེལ་གྱི་དབྱེ་བ་གསལ་པོར་ཕྱེས་ཏེ། ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་དགོས་པའི་དུས་མཚུངས་སུ་གཙོ་གནད་འབུར་ཐོན་ཡོང་བར་བྱེད་དགོས། མིག་སྔའི་ལས་དོན་ལ་དམ་འཛིན་ནན་མོ་བྱེད་དགོས་ལ་ཕུགས་ཀྱི་ལས་དོན་ལའང་དམ་པོར་དམིགས་ཏེ་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་བྱ་བ་མང་ཙམ་བསྒྲུབས་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྔོན་འགོག་བྱེད་དགོས། ལས་ཀའི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱ་དགོས། ས་ཁུལ་དང་སྡེ་ཁག་སོ་སོ་རང་སྟེང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་དེ་ས་ཁུལ་དེ་དང་སྡེ་ཁག་དེའི་རང་འཁྲིའི་ལས་འགན་དུ་འགྱུར་བར་བྱེད་དགོས། རྒྱལ་ཡོངས་མིག་མངས་འགྲིག་སྐོར་གཅིག་ལྟ་བུ་ཡིན་པའི་བསམ་བློ་བརྟན་པོ་བཙུགས་ཏེ། ས་ཁོངས་དང་ཁྱོན་ཡོངས་ལ་གཟི་བརྗིད་སྣོན་ཐུབ་དགོས།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། རང་རེའི་ཏང་ཆེན་པོ་འདི་འདྲ་བཅོས་སྐྱོང་བྱེད་པར་གལ་ཏེ་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་མེད་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་བསམ་བློ་གཅིག་གྱུར་དང་གོམ་སྟབས་གཅིག་གྱུར་མེད་པའི་དབང་དུ་བཏང་ན། བྱ་བ་གང་ཡང་སྒྲུབ་མི་ཐུབ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་ཕོད་པ། དཀའ་ངལ་སྣ་ཚོགས་ཁྱད་སེལ་བྱེད་ཕོད་པ། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བཅས་བྱེད་དགོས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།