ཀྲུང་གོ་བོད་ཀྱི་དྲ་བ།

2022ལོར་ཀྲུང་གོས་རྒྱལ་ཁོངས་རྒྱ་ཁྱོན་མུའུ་དུང་ཕྱུར1ཡན་ལྗང་བསྒྱུར་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས13ཉིན་བསྡུས་པའི་རྒྱལ་ཡོངས་ནགས་ལས་དང་རྩྭ་ཐང་ལས་དོན་བརྙན་རིས་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། 2022ལོའི་ལོ་ཧྲིལ་བོར་ཀྲུང་གོས་ནགས་སྐྲུན་རྒྱ་ཁྱོན་མུའུ་ཁྲི5745དང་གཟན་རྩྭ་ལེགས་བསྒྱུར་མུའུ་ཁྲི4821། བྱེ་འགྱུར་རྡོ་སྲེག་ཅན་ཀྱི་ས་ཁུལ་འགོག་བཅོས་མུའུ་ཁྲི2771བཅས་ལེགས་འགྲུབ་བྱས་ཏེ། མུའུ་དུང་ཕྱུར1གི་དམིགས་ཚད་མངོན་འགྱུར་བྱས། 2022ལོར། ཧྲན་ཞི་དང་ཀན་སུའུ། ནང་སོག ཧུའུ་ནན། ཀོང་ཏུང་། ཀོང་ཞི། ཅང་ཞི་སོགས་ཞིང་ཆེན7གྱིས་སོ་སོར་མིས་བཟོས་ནགས་ཚལ་མུའུ་ཁྲི100ཡན་འཛུགས་སྐྲུན་བྱས་ཡོད།

མཚམས་སྦྱོར་བྱས་པ་ལྟར་ན། 2022ལོར། ཀྲུང་གོས་ནགས་རྩྭའི་ས་ཁོངས་རང་བཞིན་གྱི་མ་ལག་བཅོས་སྐྱོང་ལས་གཞི51རྩ་འཛུགས་བྱས་པ་དང་། སྐོར་གཉིས་པའི་རྒྱལ་ཁོངས་ལྗང་བསྒྱུར་ཚོད་ལྟའི་ས་ཚིགས་ཀྱི་དཔེ་སྟོན་ལས་གཞི20ལག་བསྟར་བྱས་ནས། ནགས་རྩྭའི་སྔོ་ཤུན་གྱི་ཐཱན་གསོག་ཚད་སྤྱི་འབོར་ཏུན་དུང་ཕྱུར114.43ལ་སླེབས་པ་དང་། ལོ་འཁོར་གྱི་ཐཱན་འདུས་ཚད་ཏུན་དུང་ཕྱུར12.8ལ་སླེབས་ནས་རྒྱལ་ཁོངས་ལྗང་བསྒྱུར་ལས་དོན་ལ་ཕན་འབྲས་ཅུང་ལེགས་པོ་བླངས་ཡོད།

རྗེེས་མར། རྒྱལ་ཁབ་ནགས་རྩྭ་ཅུའུ་ཡིས་ཚན་རིག་དང་མཐུན་པར་གཞི་ཁྱོན་ཆེན་པོའི་རྒྱལ་ཁོངས་ལྗང་བསྒྱུར་བྱ་སྤྱོད་སྤེལ་རྒྱུ་ཡིན་པ་དང་། ལོ་རེར་མུའུ་དུང་ཕྱུར་གཅིག་དང་སོ་སོར་ནགས་རྩྭ་ཕྱེད་ཀ་རེ། གསར་སྐྲུན་ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི2000ལས་མི་དམའ་བ་བཅས་ལ་ཁག་ཐེག་བྱེད་པའི་དམིགས་ཚད་ལྟར། འོས་འཚམ་སྒོས་རྒྱལ་ཁོངས་ལྗང་བསྒྱུར་བར་སྟོང་གི་གཞི་ཁྱོན་གཏན་འཁེལ་བྱེད་པ་དང་། གསར་བསྣན་ལྗང་བསྒྱུར་བར་སྟོང་མུའུ་དུང་ཕྱུར2ལས་མི་ཉུང་བར་བརྩོན་ལེན་བྱ་རྒྱུ་རེད། མུ་མཐུད་དུ་གྲངས་སྤུས་དང་གསོག་འཕར་མཉམ་འཛིན་བྱེད་པ་རྒྱུན་འཁྱོངས་ཀྱིས་གསོག་ཚད་འཕེལ་བསྒྱུར་ལ་རིགས་སྣ་སྒྲིག་གཞི་ལེགས་སྒྲིག་དང་ནགས་ཚལ་གྱི་སྤུས་ཀ་མཐོར་འདེགས་པ་གཙོར་འཛིན་པ་དང་། འཕར་ཚད་རྒྱ་བསྐྱེད་ལ་ཚན་རིག་ལྟར་བཀོད་སྒྲིག་དང་ཡུལ་བབ་དང་བསྟུན་ནས་སྡོང་འཛུགས་བྱེད་པ་གཙོར་འཛིན་རྒྱུ་རེད། 

གཞན་ཡང་། ནགས་དཔོན་ལམ་ལུགས་འཛུགས་སྐྲུན་ཐད་ལ། རྒྱུས་ལོན་པ་ལྟར་ན། 2022ལོར། ཀྲུང་གོའི་ནགས་དཔོན་ལམ་ལུགས་དོ་དམ་མ་ག་གཞི་རྩའི་ཆ་གྲུབ་པ་དང་། རྒྱལ་ཡོངས་སུ་རིམ་པ་སོ་སོའི་ནགས་དཔོན་ཁྲི120ཙམ་ཡོད་པ་དང་། ལོ་ཧྲིལ་བོར་ཤང་གྲོང་གི་ནགས་ལས་ས་ཚིགས900ལྷག་སླར་གསོ་བྱས་ཡོད། ། 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།