ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་སྒྲིག་བཤེར་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས2022ལོའི་རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་ཞིབ་ཞིབ་བཤེར་བྱས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་མི་སྣ་ཐག་གཅོད་བྱས་པའི་བསྡུར་ཚད་རི་མོ་རེད།

པར་འདི་ནི་རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས“རྣམ་པ་བཞི”ཡི་བསྡུར་ཚད་རི་མོ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2022ལོར་རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་ཁྱོན་བསྡོམས་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་གོང་ཞུ་ཐེངས་གྲངས་ཁྲི344.4རྩིས་ལེན་བྱས་ཤིང་། དེའི་ཁྲོད་ཐེར་འདོན་དང་ཞུ་གཏུག་རིགས་ཀྱི་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་གོང་ཞུ་ཐེངས་ཁྲི104.4རྩིས་ལེན་བྱས་པ་རེད། ཁྱོན་བསྡོམས་གནད་དོན་གྱི་ཁུངས་སྣེ་ཁྲི154ལ་ཐག་གཅོད་བྱས་པ་དང་། ཁ་བརྡ་སློབ་གསོ་དང་ཡིག་ཐོག་གི་འདྲི་རྩད་ཐེངས་ཁྲི32.5བྱས་པ། གྱོད་གཞི་ཁྲི59.6ཐོ་འགོད་བྱས་པ། མི་ཁྲི59.2ལ་ཆད་པ་བཅད(དེའི་ཁྲོད་མི་ཁྲི48.9ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པ་དང་མི་ཁྲི14.9ལ་སྲིད་དོན་གྱི་ཆད་པ་བཅད) པ་རེད། ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ53དང་ཐིང་དང་ཅུའུ་རིམ་པའི་ལས་བྱེད་པ2450། རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་ཁྲི2.1། ཤང་དང་ཁའོ་རིམ་པའི་ལས་བྱེད་པ་ཁྲི7.4། སྤྱིར་བཏང་གི་ལས་བྱེད་པ་ཁྲི8.3། གྲོང་གསེབ་དང་ཁེ་ལས་སོགས་ཀྱི་མི་སྣ་གཞན་དག་ཁྲི41.3བཅས་ལ་ཆད་པ་བཅད་པ་རེད། 

2022ལོར་རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས“རྣམ་པ་བཞིའི”སྐྱོན་བརྗོད་སློབ་གསོས་ཁྱོན་མི་ཐེངས་ཁྲི183.8ལ་རོགས་རམ་དང་ཐག་གཅོད་བྱས། དེའི་ཁྲོད་རྣམ་པ་དང་པོ་སྤྱད་དེ་མི་ཐེངས་ཁྲི123.2ལ་སྐྱོན་བརྗོད་སློབ་གསོ་བཏང་བ་དང་རོགས་རམ་བྱས་པ་དེ་མི་ཐེངས་བསྡོམས་འབོར་གྱི67%ཟིན་པ་དང་། རྣམ་པ་གཉིས་པ་སྤྱད་དེ་མི་ཐེངས་ཁྲི47.8ཐག་གཅོད་བྱས་པ་དེ26%ཟིན། རྣམ་པ་གསུམ་པ་སྤྱད་དེ་མི་ཐེངས་ཁྲི6.4ཐག་གཅོད་བྱས་པ་དེ3.5%ཟིན། རྣམ་པ་བཞི་བ་སྤྱད་དེ་མི་ཐེངས་ཁྲི6.4ཐག་གཅོད་བྱས་པ་དེ3.5%བཅས་ཟིན་ཡོད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།