ཀྲུང་གོ་བོད་ཀྱི་དྲ་བ།

《ཞི་ཅིན་ཕིང་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་པ》ཞེས་པའི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་ཧྲིན་གཡོད་གཡོད་ཚོགས་འདུར་ཞུགས།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས12ཉིན། 《ཞི་ཅིན་ཕིང་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་པ》ཞེས་པའི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་པེ་ཅིན་དུ་འཚོགས། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པའམ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྲིན་གཡོད་གཡོད་ཚོགས་འདུར་ཞུགས་ཤིང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། 《ཞི་ཅིན་ཕིང་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་པ》ཞེས་པར་སློབ་སྦྱོང་གང་ལེགས་བྱས་ནས། མི་དམངས་ཀྱི་གཙོ་འཛིན་མི་དམངས་ལ་དགའ་བ་དང་མི་དམངས་ཀྱི་གཙོ་འཛིན་ལ་མི་དམངས་ཀྱིས་དགའ་མོས་བྱེད་པར་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་གཏན་ཕབ་གཉིས་ལ་རྒྱབ་སྐྱོར་དང་མཐའ་གཅིག་ཏུ་སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱ་ཆེད་མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ལྡན་སྒུལ་ཤུགས་སྐུལ་སློང་བྱེད་དགོས་པར་ནན་གྱིས་བསྟན། ཁོ་མོས་བསྟན་དོན། དཔེ་དེབ་འདི་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བདེན་དོན་སྟོབས་ཤུགས་དང་ལག་ལེན་སྟོབས་ཆེན་གྱི་གསོན་ཉམས་ལྡན་པའི་བཤུ་འབྲི་ཡིན་པས། དཔེ་དེབ་འདི་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱེད་པ་དེ་བསམ་བློ་ཆབ་སྲིད་ཀྱི་རེ་བ་ནན་མོར་བརྩི་བ་དང་། ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྲུན་བྱེད་པའི་ཐེག་བྱེད་གཙོ་བོར་བརྩི་བ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་སྤེལ་བའི་སྒུལ་ཤུགས་གཙོ་བོར་བརྩི་བ་བཅས་བྱས་ནས། སྔར་ལས་ལྷག་པས་རྒྱལ་དོན་གྱི་ཆེ་ཕྱོགས་ལ་ཞབས་ཞུ་སྒྲུབ་པ་དང་། བུད་མེད་ཀྱི་མི་སེམས་དང་ཁྱིམ་ཚང་གི་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ། ཏང་གི་རྗེས་འབྲངས་ནས་རྒྱང་སྐྱོད་གསར་བར་འབད་འཐབ་བྱེད་དགོས། 

རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཧོང་ཞའོ་ཝེ་ཡིས་ཚོགས་འདུར་མགོ་འཛིན་བྱས། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་དང་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཁྱིམ་ཚང་གི་འཐུས་མི་སོགས་བཞུགས་མོལ་ཚོགས་འདུར་ཞུགས། ། 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།