ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་མི་སྣས་ཀྲུང་གོ་དང་ཀྲུང་ཨ་བར་གྱི་འབྲེལ་བར་ལྟ་སྟངས་ཡག་པོ་འཛིན་དགོས་ཚུལ་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་གསར་པའི་ཨ་རི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མསཀྲུང་གོའི་ཆེད་བཙུགས་ཨུ་ཡོན་ལྷན་ཁངབཙུགས་པའི་དོན་དག་དེར་དམིགས་ནས་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་ཚེས11ཉིན། ཀྲུང་གོས་ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་མི་སྣས་ཀྲུང་གོ་དང་ཀྲུང་ཨ་བར་གྱི་འབྲེལ་བར་ལྟ་སྟངས་ཡག་པོ་འཛིན་དགོས་ཚུལ་བསྟན།

 ཉིན་དེའི་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་སྟེང་། གསར་འགོད་པས་སྐབས་གསར་པའི་ཨ་རི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མསཀྲུང་གོའི་ཆེད་བཙུགས་ཨུ་ཡོན་ལྷན་ཁངབཙུགས་ཤིང་། ཉིན་རེ་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་པའི་ཀྲུང་གོའི་དཔལ་འབྱོར་དང་འཐབ་ཇུས་ཀྱི་ཤུགས་རྐྱེན་ལ་ཇི་ལྟར་ཁ་གཏད་གཅོག་པར་ཞིབ་འཇུག་བྱ་རྒྱུ་དང་། ཨུ་ཡོན་ལྷན་ཚོགས་འདི་ནི་ཏང་ཁག་ལས་བརྒལ་བའི་ལས་ཁུངས་ཤིག་ཡིན་པས་རྒྱལ་ཚོགས་ཀྱི་ཚོགས་མི་མང་པོ་ཞིག་གིས་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་རེད། དེ་བས་ཕྱི་འབྲེལ་པུའུ་ཡིས་འདིའི་ཐད་ལ་བྱེད་ཐབས་ཅི་ཞིག་འདོན་བཞིན་ཡོད་ཅེས་དྲིས་པར། 

“ང་ཚོས་ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་མི་སྣས་ཀྲུང་གོ་དང་ཀྲུང་ཨ་བར་གྱི་འབྲེལ་བར་ལྟ་སྟངས་ཡག་པོ་འཛིན་རྒྱུ་དང་། ཨ་རི་རང་སྟེང་གི་ཁེ་ཕན་དང་ཀྲུང་ཨ་ཐུན་མོང་གི་ཁེ་ཕན་གྱི་ཆེད་དུ་ཀྲུང་གོའི་ཕྱོགས་དང་མཉམ་དུ་མདུན་སྐྱོད་བྱ་རྒྱུ་དང་། ཕན་ཚུན་ལ་བརྩི་བཀུར་དང་ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་གྱི་ཀྲུང་ཨ་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས”ཝང་ཝུན་པིན་གྱིས་དེ་ལྟར་བཤད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།