ཀྲུང་གོ་བོད་ཀྱི་དྲ་བ།

ལོ་སར་སྐྱེལ་འདྲེན་གྱི་ཉིན་བཞི་པར་རྒྱལ་ཡོངས་སུ་བསྡོམས་པས་འགྲུལ་བ་མི་ཐེངས་ཁྲི3747སྐྱེལ་འདྲེན་བྱས་ཤིང་ན་ནིང་གི་དུས་མཉམ་ལས45.1%འཕར་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་གནས་ཚུལ་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱི་ལོ་སར་སྐྱེལ་འདྲེན་ལས་དོན་ཆེད་དམིགས་ཚན་ཆུང་གི་གཞི་གྲངས་ལ་གཞིགས་ན། ཟླ1པོའི་ཚེས10ཉིན(ལོ་སར་སྐྱེལ་འདྲེན་གྱི་ཉིན་བཞི་པ་དང་ལུགས་རྙིང་གི་ཟླ་བཅུ་གཉིས་པའི་ཚེས་བཅུ་དགུ་ཉིན)རྒྱལ་ཡོངས་ཀྱི་ལྕགས་ལམ་དང་གཞུང་ལམ། ཆུ་ལམ། དམངས་སྤྱོད་མཁའ་འགྲུལ་བཅས་ཀྱིས་བསྡོམས་པས་འགྲུལ་བ་མི་ཐེངས་ཁྲི3747སྐྱེལ་འདྲེན་བྱས་ལ། དུས་འཁོར་བསྡུར་ཚད་ལས0.9%འཕར་ཞིང་། 2019ལོའི་དུས་མཉམ་ལས46.9%འཕར་བ་དང2022ལོའི་དུས་མཉམ་ལས45.1%འཕར་ཡོད།

དེའི་ནང་། རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་བ་མི་ཐེངས་ཁྲི653.1སྐྱེལ་འདྲེན་བྱས་པ་དང་། དུས་འཁོར་བསྡུར་ཚད་ལས1.1%ཆག་ལ། 2019ལོའི་དུས་མཉམ་ལས30.2%འཕར་བ་དང2022ལོའི་དུས་མཉམ་ལས25.8%འཕར་ཡོད། 

གཞུང་ལམ་གྱིས་འགྲུལ་བ་མི་ཐེངས་ཁྲི2937སྐྱེལ་འདྲེན་བྱས་པ་དང་། དུས་འཁོར་བསྡུར་ཚད་ལས1.1%འཕར་ལ། 2019ལོའི་དུས་མཉམ་ལས49.9%འཕར་བ་དང2022ལོའི་དུས་མཉམ་ལས51.6%འཕར་ཡོད།

ཆུ་ལམ་གྱིས་འགྲུལ་བ་མི་ཐེངས་ཁྲི40.9སྐྱེལ་འདྲེན་བྱས་པ་དང་། དུས་འཁོར་བསྡུར་ཚད་ལས0.4%ཆག་ལ། 2019ལོའི་དུས་མཉམ་ལས56.2%ཆག་པ་དང2022ལོའི་དུས་མཉམ་ལས9.3%འཕར་ཡོད།

དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་བ་མི་ཐེངས་ཁྲི116སྐྱེལ་འདྲེན་བྱས་པ་དང་། དུས་འཁོར་བསྡུར་ཚད་ལས9.8%འཕར་ལ། 2019ལོའི་དུས་མཉམ་ལས34.5%ཆག་པ་དང2022ལོའི་དུས་མཉམ་ལས33.1%འཕར་ཡོད།

རྒྱལ་ཡོངས་མྱུར་བགྲོད་གཞུང་ལམ་གྱི་རླངས་འཁོར་འཁོར་རྒྱུག་བྱེད་ཚད་ཁྲི3339ཡིན་པ་དང་། དེའི་ནང་རླངས་འཁོར་ཆུང་བའི་འཁོར་རྒྱུག་བྱེད་ཚད་ཁྲི2574.9ཡིན་ལ།  དུས་འཁོར་བསྡུར་ཚད་ལས1.7%འཕར་ལ། 2019ལོའི་དུས་མཉམ་ལས12.8%འཕར་བ་དང2022ལོའི་དུས་མཉམ་ལས13.3%འཕར་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།