ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱི་རྒྱལ་གྱི་གཞུང་ཚབ་པ་བསྐོ་འཐེན་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཐག་གཅོད་ལྟར་གཤམ་གྱི་ཕྱི་རྒྱལ་གྱི་གཞུང་ཚབ་པ་བསྐོ་འཐེན་བྱས་པ་སྟེ།

གཅིག ཆིན་ཀང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨ་རིར་སྡོད་པའི་དམིགས་བསལ་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོའི་ལས་འགན་ཕྱིར་འཐེན་བྱས།

གཉིས། ཀྲང་མིན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡོ་རོབ་མནའ་འབྲེལ་ཕོ་ཉ་ཚོགས་པའི་ཚོགས་གཙོ་དང་དམིགས་བསལ་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོའི་ལས་འགན་ཕྱིར་འཐེན་བྱས།

ཧྥུའུ་ཚོང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡོ་རོབ་མནའ་འབྲེལ་ཕོ་ཉ་ཚོགས་པའི་ཚོགས་གཙོ་དང་དམིགས་བསལ་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོར་བསྐོས།

གསུམ། དབྱང་ཝན་མིན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་པ་ཞི་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་དམིགས་བསལ་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོའི་ལས་འགན་ཕྱིར་འཐེན་བྱས།

ཀྲུའུ་ཆིན་ཆའོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་པ་ཞི་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་དམིགས་བསལ་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོར་བསྐོས།

བཞི། ཏིན་ཞི་ཅུན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤར་ཕྱོགས་མནའ་འབྲེལ་ཕོ་ཉ་ཚོགས་པའི་ཚོགས་གཙོ་དང་དམིགས་བསལ་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོའི་ལས་འགན་ཕྱིར་འཐེན་བྱས།

ཧི་ཡན་ཆི(མོ)ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤར་ཕྱོགས་མནའ་འབྲེལ་ཕོ་ཉ་ཚོགས་པའི་ཚོགས་གཙོ་དང་དམིགས་བསལ་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོར་བསྐོས།

ལྔ། ལི་ཅི་མིན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྷང་ག་ལ་མི་དམང་སྤྱི་མཐུན་རྒྱལ་ཁབ་ཀྱི་དམིགས་བསལ་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོའི་ལས་འགན་ཕྱིར་འཐེན་བྱས།

ཡའོ་ཝུན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྷང་ག་ལ་མི་དམང་སྤྱི་མཐུན་རྒྱལ་ཁབ་ཀྱི་དམིགས་བསལ་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོར་བསྐོས།

དྲུག ཧོ་ཡན་ཅུན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོ་མོ་ལའོ་མནའ་འབྲེལ་གྱི་དམིགས་བསལ་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོའི་ལས་འགན་ཕྱིར་འཐེན་བྱས།

ཀའོ་ཀྲི་ཅུན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོ་མོ་ལའོ་མནའ་འབྲེལ་གྱི་དམིགས་བསལ་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོར་བསྐོས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།