ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་མཐོ་གསལ་ཨང་ལྔ་པའི་སྲུང་སྐར01Aའཕེན་གཏོང་ལེགས་འགྲུབ་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཟླ12པའི་ཚེས9ཉིན་གྱི་ཆུ་ཚོད2དང་སྐར་མ31སྟེང་རང་རྒྱལ་གྱིས་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གཉིས་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ག་པ་སྤྱད་དེ་མཐོ་གསལ་ཨང་ལྔ་པའི་སྲུང་སྐར01Aབར་སྣང་དུ་འཕང་བཞིན་པའི་རྣམ་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས9ཉིན་གྱི་ཆུ་ཚོད2དང་སྐར་མ31སྟེང་རང་རྒྱལ་གྱིས་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གཉིས་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ག་པ་སྤྱད་དེ། མཐོ་གསལ་ཨང་ལྔ་པའི་སྲུང་སྐར01Aབར་སྣང་དུ་འཕངས་ཤིང་། སྔོན་ལ་གཏན་འཁེལ་བྱས་པའི་འཁོར་ལམ་སྟེང་སླེབས་ཐུབ་པ་བྱུང་བས་ཐེངས་འདིའི་ལས་འགན་ལེགས་འགྲུབ་བྱུང་། 

མཐོ་གསལ་ཨང་རྟགས་ལྔ་པའི་སྲུང་སྐར01Aའདི་གཙོ་བོར་སྦགས་བཙོག་ཉུང་འཕྲི་དང་ཁོར་ཡུག་གི་སྤུས་ཚད་ལྟ་སྐུལ་དོ་དམ། རླུང་ཁམས་ཆེན་མོའི་གྲུབ་ཆ་ལྟ་ཞིབ་ཚད་ལེན། རང་བྱུང་ཐོན་ཁུངས་བརྟག་དཔྱད། གནམ་གཤིས་འགྱུར་ལྡོག་ཞིབ་འཇུག་སོགས་ཀྱི་དགོས་མཁོ་གལ་ཆེན་ལ་གཞིགས་ནས་འོད་ཤལ་མཐོ་བའི་རྒྱང་ཚོར་ལྟ་ཞིབ་དང་ཚད་ལེན། བེད་སྤྱོད་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་མངའ་ཁོངས། གནམ་གཤིས། ཞིང་ལས། གནོད་འཚེ་ཉུང་གཏོང་། ཆུ་བེད། ནགས་ལས། རྒྱ་མཚོ། ཐིག་ལེན་རིས་འབྲི་སོགས་ཀྱི་སྡེ་ཁག(ཁྱབ་ཁོངས)ལ་གཞི་གྲངས་ཞབས་ཞུ་དང་འདེགས་སྐྱོར་བྱ་རྒྱུ་རེད། 

འདི་ནི་རྒྱང་བསྐྱོད་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་འཕུར་ཐེངས453པ་རེད།  །

པར་འདི་ནི་ཟླ12པའི་ཚེས9ཉིན་གྱི་ཆུ་ཚོད2དང་སྐར་མ31སྟེང་རང་རྒྱལ་གྱིས་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གཉིས་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ག་པ་སྤྱད་དེ་མཐོ་གསལ་ཨང་ལྔ་པའི་སྲུང་སྐར01Aབར་སྣང་དུ་འཕང་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཟླ12པའི་ཚེས9ཉིན་གྱི་ཆུ་ཚོད2དང་སྐར་མ31སྟེང་རང་རྒྱལ་གྱིས་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གཉིས་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ག་པ་སྤྱད་དེ་མཐོ་གསལ་ཨང་ལྔ་པའི་སྲུང་སྐར01Aབར་སྣང་དུ་འཕང་བཞིན་པའི་རྣམ་པ་རེད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།