ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་སོ་སོར་འཛམ་གླིང་དངུལ་ཁང་གི་མགོ་གཙོ་མཱ་ཨར་ཕ་སི་དང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་སྤྱི་འདོམས་ཀི་ཨོར་ཅི་ཡེ་ཝ་སོགས་ལ་ཐུག་འཕྲད་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚེས8ཉིན་ཨན་ཧོས་ཞིང་ཆེན་ཧོང་ཧྲན་གྲོང་ཁྱེར་ནས་ཀྲུང་གོར་ཀྲུང་གོ་སྲིད་གཞུང་དང་རྒྱལ་སྤྱིའི་དཔལ་འབྱོར་དངུལ་རྩའི་ལས་ཁུངས་གལ་ཆེན་དྲུག་གི་སྒོར་ཅོག་གྲོས་མོལ་ཚོགས་འདུར་ཞུགས་པར་ཡོང་བའི་འཛམ་གླིང་དངུལ་ཁང་གི་མགོ་གཙོ་མཱ་ཨར་ཕ་སི་དང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་སྤྱི་འདོམས་ཀི་ཨོར་ཅི་ཡེ་ཝ། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་དབྱི་ཝེ་ལཱ་བཅས་ལ་ཐུག་འཕྲད་གནང་།

མཱ་ཨར་ཕ་སི་ལ་ཐུག་འཕྲད་བྱེད་སྐབས། ལི་ཁེ་ཆང་གིས་ཀྲུང་གོ་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེས་ཆེན་པོ་ཡིན་ལ། འཛམ་གླིང་དངུལ་ཁང་ནི་ཕྱོགས་མང་གསར་སྤེལ་ལས་ཁུངས་ཆེས་ཆེན་པོ་ཡིན། ཀྲུང་གོས་འཛམ་གླིང་དངུལ་ཁང་བར་གྱི་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་བཏང་ནས། འཛམ་གླིང་དཔལ་འབྱོར་ལ་འཕྲད་པའི་རྙོག་འཛིང་གི་གནད་དོན་ལ་མཉམ་དུ་ཁ་གཏད་འཇལ་འདོད་ཡོད། ཀྲུང་གོས་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་པར་འབད་བརྩོན་བྱེད་བཞིན་ཡོད་ལ། རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱིས་ཀྲུང་གོར་དངུལ་གཏོང་མཉམ་ལས་བྱེད་ཚད་རྒྱ་བསྐྱེད་པར་དགའ་བསུ་ཞུ་བཞིན་ཡོད་ཅེས་བསྟན།

མཱ་ཨར་ཕ་སི་ཡིས་འཛམ་གླིང་དངུལ་ཁང་གིས་ཀྲུང་གོའི་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཀྲུང་གོས་རིམས་འགོག་སྲིད་ཇུས་ལེགས་སྒྲིག་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད་ལ། ཀྲུང་གོའི་བར་དུ་མཉམ་ལས་ཟབ་མོ་བྱེད་འདོད་ཡོད་ཅེས་བཤད།

ཀི་ཨོར་ཅི་ཡེ་ཝ་ལ་ཐུག་འཕྲད་བྱེད་སྐབས། ལིས་ཁི་ཆང་གིས་ཀྲུང་གོ་ནི་འཛམ་གླིང་དཔལ་འབྱོར་བཅོས་སྐྱོང་གི་ཟབ་ཞུགས་པ་དང་སྲུང་སྐྱོང་པ། འཛུགས་སྐྲུན་པ་བཅས་ཡིན། ང་ཚོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱུན་སྲིང་སྒོས་སྤེལ་བཞིན་ཡོད་ལ། ཐེབས་རྩ་རྩ་འཛུགས་དང་བཅས་པའི་ཕྱོགས་སོ་སོ་དང་མཉམ་དུ་ཆེ་ཕྱོགས་སྲིད་ཇུས་ཀྱི་མཐུན་སྦྱོར་ལ་ཤུགས་བསྣན་ནས། འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་འདོད་ཡོད་ཅེས་བསྟན།

ཀི་ཨོར་ཅི་ཡེ་ཝ་ཡིས་ཐེབས་རྩ་རྩ་འཛུགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། ཀྲུང་གོའི་བར་དུ་མཉམ་ལས་ཟབ་མོ་བྱས་ཏེ་ཐུན་མོང་གི་འགྲན་སློང་ལ་ལག་གདང་མཉམ་སྦྲེལ་གྱིས་ཁ་གཏད་འཇལ་འདོད་ཡོད་ཅེས་བཤད།

དབྱི་ཝེ་ལཱར་ཐུག་འཕྲད་བྱེད་སྐབས། ལི་ཁེ་ཆང་གིས་ཀྲུང་གོས་འཛམ་གླིང་ཉོ་ཚོང་རྩ་འཛུགས་སྲོག་ཤིང་ཡིན་པའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་བཞིན་ཡོད། འཛམ་གླིང་ཉོ་ཚོང་རྩ་འཛུགས་སུ་ཞུགས་ནས་ལོ་ཉི་ཤུ་ལྷག་འགོར་བའི་རིང་ལ། ཀྲུང་གོས་རང་ཉིད་འཕེལ་རྒྱས་སུ་བཏང་བར་མ་ཟད། འཛམ་གླིང་ལ་ཡང་ཕན་བཏགས་ཡོད། འཛམ་གླིང་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེས་ཆེན་པོ་ཡིན་པའི་ཆ་ནས། ཀྲུང་གོས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཁྲོད་དུ་ཁེ་དབང་དང་འགན་འཁྲི་དོ་མཉམ་པའི་རྩ་དོན་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་པ་དང་། རང་གི་འཕེལ་རྒྱས་ཆུ་ཚད་དང་ནུས་པར་འཚམ་པའི་འགན་འཁྲི་ཁུར་དུ་ལེན་རྒྱུ་ཡིན་ཞེས་བསྟན།

དབྱི་ཝེ་ལཱ་ཡིས་ཀྲུང་གོས་ཕྱོགས་མང་ཉོ་ཚང་མ་ལག་ཁྲོད་དུ་བཏོན་པའི་དགེ་མཚན་ལྡན་ཞིང་འཛུགས་སྐྲུན་རང་བཞིན་གྱི་ནུས་པར་གདེང་འཇོག་གང་ལེགས་བྱས་པ་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་ཀྲུང་གོར་བར་གྱི་མཉམ་ལས་ལ་ཤུགས་བསྣན་ནས། སྒོ་འབྱེད་དང་སྟོབས་ལྡན་གྱི་ཕྱོགས་མང་ཉོ་ཚོང་མ་ལག་ལ་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་བཤད།    

ཞའོ་ཅེ་གོང་གསལ་གྱི་བྱ་འགུལ་ཁྲོད་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།