ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ལི་ཡ་ཏེ་ལ་འབྱོར་ནས་དགའ་བསུ་ཆེན་པོ་ཐོབ་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ས་གནས་དེ་གའི་དུས་ཚོད་ཟླ12པའི་ཚེས7ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་ཞི་ཅིན་ཕིང་ཆེད་སྤྱོད་གནམ་གྲུར་བསྡད་དེ་ལི་ཡ་ཏེར་འབྱོར་རྗེས། སོ་ཏི་ཨ་རབ་རྒྱལ་ལྡན་རྒྱལ་ཁབ་ཀྱི་རྒྱལ་པོ་ས་ལེ་མན་གྱིས་གདན་དྲངས་ཏེ།  སྐབས་དང་པོའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དབུ་ཚོགས་དང་ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་དབུ་ཚོགས་སྟེང་ཞུགས་པ་མ་ཟད། སོ་ཏི་ཨ་རབ་ལ་རྒྱལ་དོན་འཚམས་འདྲི་ཡང་གནང་རྒྱུ་རེད།    

ཞི་ཅིན་ཕིང་གི་ཆད་སྤྱོད་གནམ་གྲུ་སོ་ཏི་ཨ་རབ་ཀྱི་མངའ་ཁོངས་སུ་འབྱོར་རྗེས།  སོ་ཏི་ཨ་རབ་ཀྱི་མཁའ་དམག་གི་དམག་འཐབ་གནམ་གྲུ4མཁའ་དབྱིངས་སུ་འཕུར་ནས་སྲུང་སྐྱེལ་བྱས་པ་རེད།     ཞི་ཅིན་ཕིང་ཆེད་སྤྱོད་གནམ་གྲུར་བསྡད་དེ་ལི་ཡ་ཏེ་ཧ་ལི་ཏེ་རྒྱལ་པོའི་གནམ་གྲུ་ཐང་དུ་འབྱོར་སྐབས།  སོ་ཏི་ཨ་རབ་ཕྱོགས་ཀྱི་དགའ་བསུ་ཆེན་པོ་བྱས།     གནམ་གྲུ་ཐང་དུ་རྟེན་འབྲེལ་མེ་སྒྱོགས་ཐེངས21འཕེན་གཏོང་བྱས་པ་དང་།    མགྲོན་བཀུར་སྐུ་སྲུང་གནམ་གྲུ་ཡིས་མཁའ་དབྱིངས་སུ་ཀྲུང་གོའི་རྒྱལ་དར་མཚོན་པའི་ཁ་དོག་དམར་པོ་དང་སེར་པོ་གཉིས་ཀྱི་དར་ཡོད་པ་རེད།     སོ་ཏི་ཨ་རབ་ཀྱི་ལི་ཡ་ཏེ་ཞིང་ཆེན་གྱི་ཧྲེང་ཀྲང་ཧྥེ་སར་ཆིན་ཝང་། ཕྱི་འབྲེལ་བློན་ཆེན་ཧྥེ་སར་ཆིན་ཝང་། ཀྲུང་གོའི་ལས་དོན་བློན་ཆེན་ལུའུ་མེ་ཡན་སོགས་གོང་མ་ཚང་གི་ཁོངས་མི་གལ་ཆེན་དང་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ཕེབས་པར་དགའ་བསུ་ཞུས།    

ཞི་ཅིན་ཕིང་གིས་ཡིག་ཐོག་གསུང་བཤད་གནང་ནས། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ཏེ་སོ་ཏི་ཨ་རབ་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་རེད།     ཞི་ཅིན་ཕིང་གིས་ཀྲུང་གོ་དང་སོ་ཏི་ཨ་རབ་བར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་ངོ32རིང་།  ཕྱོགས་གཉིས་པོའི་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟམ་མི་ཆད་པར་བརྟན་དུ་ཕྱིན་པ་དང་།  ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད།    ལྷག་པར་དུ2016ལོར་རྒྱལ་ཁབ་གཉིས་བར་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་ནས་བཟུང་། རང་ཉིད་ཀྱིས་རྒྱལ་པོ་ས་ལེ་མན་དང་མཉམ་དུ་ཀྲུང་གོ་དང་སོ་ཏི་ཨ་རབ་བར་གྱི་འབྲེལ་བར་འཕེལ་རྒྱས་འགྲོ་བར་ཁྲིད་སྟོན་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་མ་ཟད།    ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་བཏང་ཡོད།     འཚམས་འདྲི་བྱེད་པའི་རིང་ལ།  ངས་རྒྱལ་པོ་ས་ལེ་མན་དང་མོ་ཧན་མོ་ཏེའི་དང་མཉམ་དུ་ཕྱོགས་གཉིས་པོའི་འབྲེལ་བ་དང་དེ་བཞིན་ཐུན་མོང་གིས་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་བསམ་འཆར་བརྗེ་རེས་བྱས་ནས། ཀྲུང་གོ་དང་སོ་ཏི་ཨ་རབ་བར་གྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཐུན་མོང་གིས་འཆར་འགོད་བྱ་རྒྱུ་ཡིན།     ངས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དབུ་ཚོགས་དང་ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཚོགས་ཀྱི་དབུ་ཚོགས་ལ་ཞུགས་ནས། ཨ་རབ་རྒྱལ་ཁབ་དང་མཚོ་ཁུག་མཉམ་ལས་ཨུ་ལྷན་གྱི་མགོ་ཁྲིད་དང་མཉམ་དུ། ཀྲུང་གོ་དང་ཨ་རབ།ཀྲུང་གོ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།    

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་ཏིང་ཞུའེ་ཞང་དང་།    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་དོན་ཨུ་ཡོན་ཝང་དབྱི།    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ལི་ཧྥུང་སོགས་མཉམ་དུ་ཕེབས་པ་རེད།    

སོ་ཏི་ཨ་རབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁྲིན་ཝེ་ཆིན་ཡང་གནམ་གྲུ་ཐང་དུ་བསུ་མ་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།