ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས“པེ་ཅིན-ཏུང་ཅིང་གླེང་སྟེགས”སྐབས18པའི་མགོ་རྩོམ་མཛད་སྒོའི་སྟེང་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས7ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གི་འགན་གཅིག་ལྕོགས་འཁུར་མཁན་ཝང་དབྱི་ཡིས“པེ་ཅིན-ཏུང་ཅིང་གླེང་སྟེགས”སྐབས18པ་མགོ་རྩོམ་པའི་མཛད་སྒོའི་སྟེང་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ། 

ཝང་དབྱི་ཡིས་ད་ལོ་ནི་ཀྲུང་གོ་དང་འཇར་པན་བར་འབྲེལ་བ་རྒྱུན་གཏན་ཅན་དུ་གྱུར་ནས་ལོ50འཁོར་བའི་ལོ་དང་། སང་ལོ་ནི་ཀྲུང་གོ་དང་འཇར་པན་བར་ཞི་བདེ་མཛའ་གྲོགས་ཆིངས་ཡིག་བཞག་ནས་ལོ45 འཁོར་བའི་ལོ་ཡིན་པས། ཀྲུང་གོ་དང་འཇར་པན་གཉིས་ཀྱིས་ཕན་ཚུན་བར་ཡིད་ཆེས་ལ་བརྟེན་ནས་ཆབ་སྲིད་ཀྱི་ཁས་ལེན་བརྟན་སྲུང་བྱེད་པ་དང་། ཕན་ཚུན་གྲུབ་འབྲས་ཐོབ་པར་མཉམ་ལས་མཉམ་ཁེ་མཐའ་འཁྱོངས་བྱེད་པ། ལྷག་བསམ་རྣམ་དག་གིས་ཞི་བདེ་མཉམ་གནས་ལ་གཞོལ་བ། གཅིག་སེམས་གཅིག་ལ་སྦྲེལ་ནས་མཛའ་མཐུན་གྱི་རྨང་གཞི་ཟབ་མོ་འཛུགས་པ། རྩ་དོན་རྒྱུན་འཁྱོངས་དང་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱས་ཏེ། ཀྲུང་གོ་དང་འཇར་པན་བར་གྱི་འབྲེལ་བ་ཡང་དག་པའི་ཁ་ཕྱོགས་སུ་རྒྱུན་མཐུད་དང་བརྟན་ལྷིང་ངང་མདུན་དུ་སྐྱོད་པར་སྐུལ་འདེད་བཏང་པ་མ་ཟད། དུས་རབས་གསར་པའི་བླང་བྱ་དང་མཐུན་པའི་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་མཉམ་སྐྲུན་དང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་ཨེ་ཤ་ཡའི་འཕེལ་རྒྱས་དང་དར་རྒྱས་ཆེ་བའི་དུས་རབས་གསར་པ་བསྐྲུན་དགོས་ཞེས་བསྟན།

འཇར་ཕན་གྱི་དབུ་བཞུགས་བློན་ཆན་ལིན་ཧྥང་ཀྲིན་སོགས་མཛད་སྒོར་ཞུགས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།