ཀྲུང་གོ་བོད་ཀྱི་དྲ་བ།

བློ་མཐུན་ཅང་ཙེ་རྨིན་གྱི་འདས་མཆོད་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས། (ཨང3པ)

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བློ་མཐུན་ཅང་ཙེ་རྨིན་གྱི་འདས་མཆོད་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

(ཨང3པ)

      རང་རེའི་ཏང་དང་རང་རེའི་དམག་དཔུང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ཡོངས་ཁྱབ་ཏུ་ཁས་ལེན་པའི་མཚན་སྙན་བླ་ན་མེད་པའི་ཕུལ་བྱུང་མགོ་ཁྲིད་པ་དང་།  རླབས་ཆེ་བའི་མར་ཁེ་སིའི་རིང་ལུགས་པ།   རླབས་ཆེ་བའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་དང་ཆབ་སྲིད་པ།   དམག་དོན་པ།  ཕྱི་འབྲེལ་པ།   ཡུན་རིང་ཉམས་སད་ཐེག་པའི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ།   ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རླབས་ཆེན་ལས་དོན་གྱི་ཁྱད་འཕགས་མགོ་ཁྲིད་པ།  ཏང་གི་ཀྲུང་དབྱང་མགོ་ཁྲིད་ཐུན་མོང་རབས་གསུམ་པའི་སྲོག་ཤིང་།   མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་གྱི་གསར་གཏོད་པ་གཙོ་བོ་བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་རྗེས།    རྒྱལ་ཁབ་མང་པོའི་མགོ་ཁྲིད་པ་དང་སྲིད་གཞུང་གི་མགོ་གཙོ།   གྲོས་ཁང་དང་སྲིད་གཞུང་སྡེ་ཁག  སྲིད་ཏང་།   མཛའ་མཐུན་ཚོགས་པ།   ལས་རིགས་སོ་སོའི་མཛའ་མཐུན་མི་སྣ།   རྒྱལ་སྤྱིའི་རྩ་འཛུགས་ཁ་ཤས་ཀྱི་འགན་ཁུར་མི་སྣ།  རྒྱལ་ཁབ་མང་པོའི་ཀྲུང་གོར་སྡོད་པའི་གཞུང་ཚབ།   ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་མཛའ་གྲོགས།   ཕྱིར་སྡོད་རང་མི་དང་ཕྱི་རྒྱལ་གྱི་ཀྲུང་གོ་བ།  ཞང་ཀང་དང་ཨོ་མིན།  ཐའེ་ཝན་སྤུན་ཟླ་བཅས་ཀྱིས་མྱ་ངན་ཞུ་བའི་གློག་འཕྲིན་མང་པོ་དང་མྱ་ངན་ཞུ་བའི་འཕྲིན་ཡིག་མང་པོ་བསྐུར་བ་དང་གསལ་བསྒྲགས་སྤེལ་བ་དང་གླེང་མོལ་བྱེད་པ།   མྱ་ངན་ཞུ་བའི་བྱ་འགུལ་ལ་ཞུགས་པ་བཅས་བྱས་ཏེ་སྙིང་ནས་མྱ་ངན་ཞུས་པ་དང་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པར་སྙིང་ཁོང་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།

     ཏང་ཡོངས་དང་དམག་ཡོངས།  རྒྱལ་ཡོངས་རིགས་སོ་སོའི་མི་དམངས་རྣམས་ཀྱིས་བློ་ཐག་རྦད་ཆོད་སྒོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ།    ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རླབས་ཆེན་གྱི་དར་ཆ་མཐོན་པོར་སྒྲེང་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ།   ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས།  གཞི་རྩའི་བྱེད་ཕྱོགས་བཅས་ལ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་རྒྱུན་འཁྱོངས་བྱེད་པ།  སྐྱོ་གདུང་སྟོབས་ཤུགས་སུ་བསྒྱུར་ནས།  ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་སྤྱི་འདོམས་ཀྱིས་ལག་བསྟར་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་ལག་བསྟར་བྱེད་པ།  མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།


                                                             བློ་མཐུན་ཅང་ཙེ་རྨིན་གྱི་འདས་མཆོད་ཨུ་ཡོན་ལྷན་ཁང་ནས།

                                                                              2022ལོའི་ཟླ12པའི་ཚེས6ཉིན།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།