ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་དབང་དངུལ་རྩ་ཀྲུང་དབྱང་ཁེ་ལས་ཀྱིས་གཞི་རིམ་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་དབང་དངུལ་རྩ་ཨུ་ཡོན་ལྷན་ཁང་ཏང་ཨུས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དྲིལ་སྒྲོག་བྱེད་པ་དེ་ད་ལྟ་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་ཐོག་མ་རུ་བརྩིས་ཏེ། གཏིང་ཟབ་པའི་སྒོ་ནས་དྲིལ་སྒྲོག་དང་སྒྲོག་འགྲེལ་བྱས། ཀྲུང་དབྱང་ཁེ་ལས་ཀྱིས་གཞི་རིམ་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས། རྒྱལ་དབང་དངུལ་རྩ་ཨུ་ཡོན་ལྷན་ཁང་ཏང་ཨུའི་ཁོངས་མི་སོ་སོར་པེ་ཅིན་དུ་སྡོད་པ་དང་ཧྲང་ཧེ་རུ་སྡོད་པ། ཧྲན་ཏུང་རུ་སྡོད་པ་སོགས་ཀྱི་ཀྲུང་དབྱང་འབྲེལ་ཡོད་ཁེ་ལས་སྤྱི་ཁྱབ་པུའུ་དང་ཐོན་སྐྱེད་ཚན་ཞིབ་ལས་ཡུལ་དང་པོ། རྣམ་གྲངས་ཡུལ་དངོས་སོགས་སུ་སྒྲོག་འགྲེལ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དེ་རྒྱལ་དབང་དངུལ་རྩའི་ཀྲུང་དབྱང་ཁེ་ལས་མ་ལག་ནས་ཐད་ཀར་གཞི་རིམ་དང་ལས་ཡུལ་དང་པོར་སླེབས་པར་སྐུལ་འདེད་བཏང་།

ཉེ་ལམ། ཀྲུང་དབྱང་དངུལ་རྩ་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུ་ཚོགས་འདུ་བསྡུས་ཏེ། རྒྱལ་དབང་དངུལ་རྩ་ཀྲུང་དབྱང་ཁེ་ལས་ཀྱི་ཏང་ཡོན་ལས་བྱེད་པ་ཁྲི33ལྷག་གིས་ཚོགས་ར་ཁྲི2ལྷག་ནས་མཉམ་དུ་སྙན་ཞུ་ལ་ཉན། རྒྱལ་དབང་དངུལ་རྩ་ཏང་ཨུའི་དྲིལ་སྒྲོག་བྱེད་སྟངས་གསར་གཏོད་བྱས་ཏེ། ཀྲུང་དབྱང་ཁེ་ལས་ཀྱིས་སྒྲོག་འགྲེལ་བརྙན་ཐུང་བསྡུ་ལེན་བྱ་འགུལ་སྤེལ་བ་དང་། དེ་མིན་གཏམ་རྒྱུད་ཚོགས་འདུ་དང་དྲ་རྒྱའི་སློབ་ཁང་། འཕྲིན་ཕྲན་སྒྲོག་འགྲེལ་སོགས་ཀྱི་རྣམ་པས། གཞི་རིམ་གྱི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་རྣམས་ལ་ཉན་ཤེས་པ་དང་གོ་བ་ལེན་ཐུབ་པར་བྱས་ནས། སློབ་སྦྱོང་གི་ཁོར་ཡུག་ཡག་པོ་བསྐྲུན། དེ་དང་ཆབས་ཅིག ཀྲུང་དབྱང་ཁེ་ལས་སོ་སོ་དང་རིམ་པ་སོ་སོའི་ཏང་ཡོན་མགོ་ཁྲིད་དང་ལས་བྱེད་པ་རྣམས་གཞི་རིམ་དུ་བསྐྱོད་དེ། དོན་དངོས་དང་བསྟུན་ནས་སྒྲོག་འགྲེལ་བྱ་འགུལ་སྤེལ།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།