ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་སྣུམ་རིན་མར་ཆག་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཚེས5ཉིན་བསྟན་དོན། ཉེ་ལམ་རྒྱལ་སྤྱིའི་ཚོ་རའི་སྣུམ་རིན་གྱི་འགྱུར་ལྡོག་གནས་ཚུལ་ལྟར།  ད་ཡོད་བཟོས་གྲུབ་སྣུམ་གྱི་རིན་གོང་ལྟར། 2022ལོའི་ཟླ12པའི་ཚེས5ཉིན་གྱི་དུས་ཚོད24ནས་བཟུང་། རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་ཡུའུ་སྣུམ་གྱི་རིན་གོང་ཏུང་རེར་སོ་སོ་སྒོར440ནས་སྒོར425མར་ཆག་པ་དང་།  འདི་ནི་ཟླ11པའི་ཚེས21ཉིན་བར་རང་རྒྱལ་དུ་བསྟུད་མར་ཐེངས་གཉིས་ལ་རླངས་སྣུམ་དང་ཁྲའེ་ཡུའུ་སྣུམ་གྱི་རིན་གོང་མར་ཆག་པ་ཡིན་ལ། ཐེངས་འདིའི་མར་ཆག་པར་སྲང་གཅིག་ལ་སྒོར0.3མར་ཆག་པ།  

རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་བས་བཤད་རྒྱུར། ཀྲུང་གོའི་རྡོ་སྣུམ་དང་ཀྲུང་གོའི་རྡོ་སྣུམ་རྫས་འགྱུར། ཀྲུང་གོའི་རྒྱ་མཚོ་རྡོ་སྣུམ་སོགས་ཀུང་སི་གསུམ་དང་མ་བཅོས་རྡོ་སྣུམ་ལས་སྣོན་ཁེ་ལས་ཀྱིས་ཟོས་གྲུབ་སྣུམ་ཐོན་སྐྱེད་དང་སྐྱེལ་འདྲེན་རྩ་འཛུགས་ལེགས་པོ་བྱས་ཏེ། ཚོང་རའི་བདེ་བླག་ངང་འདོན་སྤྲོད་བྱེད་པར་འགན་སྲུང་བྱེད་པ་དང་། ནན་ཏན་སྒོས་རྒྱལ་ཁབ་ཀྱི་རིན་གོང་སྲིད་ཇུས་ནན་ཏན་སྒོས་ལག་བསྟར་བྱས་པ་རེད། ས་གནས་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་ཚོང་རའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཏེ།  རྒྱལ་ཁབ་ཀྱི་རིན་གོང་སྲིད་ཇུས་ལག་བསྟར་མི་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བྱས་ཏེ་རྒྱུན་ལྡན་གྱི་ཚོང་རའི་སྒྲིག་ལམ་འགན་སྲུང་བྱེད་པ་དང་།  འཛད་སྤྱོད་པས12315སྟེགས་བུ་བརྒྱུད་ནས་རིན་གོང་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཐེར་འདོན་ཡར་ཞུ་བྱ་ཆོག   །  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།