ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་མང་པོའི་མགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བས་བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་པར་མྱ་ངན་ཟབ་མོ་ཞུས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཏེན་མག་རྒྱལ་ཁབ་ཀྱི་རྒྱལ་མོ་མ་ཀེ་ལི་ཐེ་སྐུ་ཕྲེང་གཉིས་པ་དང་སི་ལོ་ཝུན་ཉི་ཡའི་ཙུང་ཐུང་ཕ་ཧོ་ཨར། ཝ་ནུའུ་ཨ་ཐུའུ་ཡི་ཙུང་ཐུང་ཝུའུ་ལུའོ་པ་ལ་ཝུའུ་དང་ཙུང་ལི་ཁ་ཨར་ས་ཁའོ། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའེ་ཐེ། པོ་ཨའོ་ཨེ་ཤ་ཡ་གླེང་སྟེགས་ཀྱི་ལས་འཛིན་མགོ་གཙོ་ཕན་ཅི་ཝུན། རྒྱལ་སྤྱིའི་ཀྲུའུ་ཐེང་རྩ་འཛུགས་ཀྱི་འགན་འཁུར་བ་སོགས་ཀྱིས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་བ་མ་ཟད་རྣམ་པ་གཞན་བརྒྱུད་ནས་བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་པར་མྱ་ངན་ཟབ་མོ་ཞུས་པ་དང་། བློ་མཐུན་ཅང་ཙེ་རྨིན་གྱི་ཁྱིམ་མི་དང་ཀྲུང་གོའི་སྲིད་གཞུང་། ཀྲུང་གོའི་མི་དམངས་བཅས་ལ་སེམས་གཏིང་ནས་འཚམས་འདྲི་ཞུས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།