ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་བློ་མཐུན་སྨན་ཁང་དུ་ཕེབས་ནས་བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་གདུང་ལ་གྱེས་ཕྱག་ཕུལ་བ་མ་ཟད་སྐུ་གདུང་པ་པའོ་རི་བོར་ཞུགས་འབུལ་གནང་བར་སྐྱེལ་སྲུང་བྱས།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་བློ་མཐུན་སྨན་ཁང་དུ་ཕེབས་ནས་བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་གདུང་ལ་གྱེས་ཕྱག་ཕུལ་བ་མ་ཟད་སྐུ་གདུང་པ་པའོ་རི་བོར་ཞུགས་འབུལ་གནང་བར་སྐྱེལ་སྲུང་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རང་ཏང་དང་རང་དམག རང་རྒྱལ་མི་རིགས་སོ་སོའི་ཀུན་གྱིས་ཁས་ལེན་པའི་བླ་མེད་སྙན་གྲགས་ལྡན་པའི་ཕུལ་བྱུང་མགོ་ཁྲིད་པ་དང་། རླབས་ཆེ་བའི་མར་ཁེ་སི་རིང་ལུགས་པ། རླབས་ཆེ་བའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་དང་ཆབ་སྲིད་པ། དམག་དོན་པ། ཕྱི་འབྲེལ་པ། ཡུན་རིང་ལ་ཉམས་སེད་ཐེག་པའི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱིཡ་ཚོགས་རིང་ལུགས་ཀྱི་རླབས་ཆེའི་ལས་དོན་གྱི་ཁྱད་དུ་འཕགས་པའི་སྣེ་ཁྲིད་པ། ཏང་གི་རབས་གསུམ་པའི་ཀྲུང་དབྱང་མགོ་ཁྲིད་ཚོགས་པའི་སྲོག་ཤིང་། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་གྱི་གསར་སྐྲུན་པ་གཙོ་བོ་བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་གདུང་ཚེས5ཉིན་པེ་ཅིན་དུ་ཞུགས་འབུལ་གནང་། ཞི་ཅིན་ཕིང་དང་ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཧན་ཀྲིན། ཚའེ་ཆི། ཏིན་ཞུའེ་ཞང་། ལི་ཞི། ཝང་ཆི་ཧྲན་སོགས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་དུ་ཕེབས་ནས་བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་གདུང་ལ་གྱེས་ཕྱག་ཕུལ་བ་མ་ཟད། བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་གདུང་པ་པའོ་རི་བོའི་གསར་བརྗེའི་སྤྱི་པའི་བང་སོར་སྐྱེལ་སྲུང་བྱས་ཏེ་ཞུགས་འབུལ་གནང་། ཧུའུ་ཅིན་ཐའོ་ཡང་སྨན་ཁང་དུ་ཕེབས་ནས་བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་གདུང་ལ་གྱེས་ཕྱག་གནང་།

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གི་ཞལ་གྱེས་ཁང་དུ་རྔམ་བརྗིད་ལྡན་ཞིང་། དཀར་སེང་ངེའི་མེ་ཏོག་དང་མྱ་ངན་ཞུ་ཚིག་དར་དུམ་ནག་པོས་མི་རྣམས་ཀྱི་གདུང་སེམས་མཚོན་ཡོད། ཞལ་གྱེས་ཁང་གི་ཡར་སྟེང་གི་འཕྲེད་བྱང་ཐོག་ཡིག་འབྲུ་ནག་པོས་བློ་མཐུན་ཅང་ཙེ་རྨིན་ཇི་སྲིད་བར་མི་ནུབ་པར་གྱུར་ཅིག་ཅེས་བྲིས་ཡོད་པ་དང་། འཕྲེད་བྱང་གི་འོག་ཏུ་བློ་མཐུན་ཅང་ཙེ་རྨིན་གྱི་ཚོན་ལྡན་གཤིན་པར་བཞག་ཡོད། བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་གདུང་མེ་ཏོག་དང་ཤུག་སྡོང་གི་གསེབ་ཏུ་བདེ་བར་བཞུགས་ཤིང་། སྐུ་གདུང་སྟེང་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་དམར་པོ་བཀལ་ཡོད། གུས་དམག་བཞིས་མེ་མདའ་བཟུང་ནས་ལོགས་གཉིས་སུ་ཀྲོང་ངེས་ལངས་ཡོད། བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་གདུང་མདུན་དུ་བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་ལྕམ་ཝང་ཡེ་ཕིང་དང་ཁྱིམ་མི་གང་བོས་ཕུལ་བའི་མེ་ཏོག་ཚོམ་བུ་བཞག་པ་དང་དེའི་སྟེང་གི་གོས་དར་ཐོག་ཁྱེད་རང་ནམ་ཡང་ང་ཚོའི་སེམས་ཁོངས་སུ་གནས་ཞེས་བྲིས་ཡོད། ཞལ་གྱེས་ཁང་ནང་ཞི་ཅིན་ཕིང་དང་ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཧན་ཀྲིན། ཚའེ་ཆི། ཏིན་ཞུའེ་ཞང་། ལི་ཞི། ཝང་ཆི་ཧྲན། ཧུའུ་ཅིན་ཐའོ་དང་ཀྲུང་གུང་ཀྲུང་དབྱང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ། དམངས་གཙོའི་ཏང་ཁག་སོ་སོ་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། མི་དམངས་ཚོགས་པ་སོ་སོ་དང་རྒྱལ་སའི་ལས་རིགས་ཁག་གི་མང་ཚོགས་ཀྱིས་ཕུལ་བའི་མེ་ཏོག་ཚོམ་བུ་བཤམས་ཡོད།

 སྔ་དྲོའི་ཆུ་ཚོད10སྟེང་། ཞེན་ཆགས་ཀྱི་མྱ་ངན་གདུང་དབྱངས་ཁྲོད། ཞི་ཅིན་ཕིང་དང་ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཧན་ཀྲིན། ཚའེ་ཆི། ཏིན་ཞུའེ་ཞང་། ལི་ཞི། ཝང་ཆི་ཧྲན། ཧུའུ་ཅིན་ཐའོ་སོགས་ཀྱིས་བྲང་ཁར་མེ་ཏོག་དཀར་པོ་དང་དཔུང་བར་འདུན་རས་བཏགས་ནས་ཞལ་གྱེས་ཁང་དུ་ཕེབས་ཏེ། བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་གདུང་མདུན་དུ་ཀྲོང་ངེར་ལངས། ཞི་ཅིན་ཕིང་སོགས་ཀྱིས་བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་གདུང་ལ་ཕྱག་གསུམ་འཚལ་ནས་བློ་མཐུན་ཅང་ཙེ་རྨིན་ལ་བླ་མེད་ཀྱི་གུས་འདུད་དང་སེམས་གཏིང་ནས་རྗེས་དྲན་མཚོན་པར་བྱས། དེའི་རྗེས། ཞི་ཅིན་ཕིང་སོགས་ཀྱིས་བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་ལྕམ་ཝང་ཡེ་ཕིང་དང་ཁྱིམ་མིར་ལྷག་བསམ་རྣམ་དག་གིས་འཚམ་འདྲི་གནང་།

ཆུ་ཚོད10དང་སྐར་མ20སྟེང་། གུས་དམག8ཀྱིས་གདུང་སྒམ་བཀྱགས་ནས་ཞེན་ཆགས་ཀྱི་གདུང་དབྱངས་ཁྲོད་དལ་བུར་ཞལ་གྱེས་ཁང་ནས་ཐོན། ཞི་ཅིན་ཕིང་སོགས་ཀྱིས་བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་གདུང་སྲུང་སྐྱེལ་བྱས་ཏེ་གདུང་སྐྱེལ་རླངས་འཁོར་ཞུགས། 

ཆུ་ཚོད10དང་སྐར་མ30སྟེང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་བློ་མཐུན་དང་། འདས་མཆོད་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཁོངས་མི་དང་བློ་མཐུན་ཅང་ཙེ་རྨིན་གྱི་ཁྱིམ་མིའི་སྐྱེལ་སྲུང་འོག གདུང་སྐྱེལ་རླངས་འཁོར་དལ་མོར་པ་པའོ་རི་བོའི་གསར་བརྗེའི་སྤྱི་བའི་བང་སོར་ཕེབས། གདུང་སྐྱེལ་རླངས་འཁོར་མེ་ཁ་གསོས་མ་ཐག སྐྱེལ་སྲུང་གནང་མཁན་གྱི་བློ་མཐུན་རྣམ་གདུང་སེམས་ཆེན་པོས་ཡར་ལངས་ནས། བློ་མཐུནཅང་ཙེ་རྨིན་གྱི་གདུང་སྐྱེལ་རླངས་འཁོར་ལ་མིག་གིས་སྐྱེལ་མ་གནང་།

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་ནས་པ་པའོ་རི་བོའི་བར་གྱི་ལམ་འགྲམ་དུ་རྒྱལ་སའི་ལས་རིགས་ཁག་གི་མང་ཚོགས་ཀྱིས་གདུང་སེམས་ཆེན་པོ་བཅིངས་ནས། གུས་ཤིང་བརྩེ་བའི་བློ་མཐུན་ཅང་ཙེ་རྨིན་ལ་སྐྱེལ་མ་གནང་བ་དང་། བློ་མཐུན་ཅང་ཙེ་རྨིན་ལ་མྱ་ངན་ཞུས།

སྔ་དྲོའི་ཆུ་ཚོད10དང་སྐར་མ50སྟེང་། གདུང་སྐྱེལ་རླངས་འཁོར་པ་པའོ་རི་བོའི་གསར་བརྗེའི་སྤྱི་པའི་བང་སོར་སླེབས། ཚོམས་ཁང་ཆེན་མོའི་ནང་། ཞི་ཅིན་ཕིང་སོགས་དང་བློ་མཐུན་ཅང་ཙེ་རྨིན་གྱི་ཁྱིམ་མིས་བློ་མཐུན་ཅང་ཙེ་རྨིན་ལ་མཇུག་མཐའི་སྐྱེལ་ཞུ་གནང་།

དེ་རིང་སྨན་ཁང་དུ་བློ་མཐུན་ཅང་ཙེ་རྨིན་ལ་སྐྱེལ་ཞུ་གནང་མཁན་ལ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན། ཆེས་མཐོ་མི་དམངས་ཁྲིམས་ཁང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུའི་མགོ་ཁྲིད་བློ་མཐུན་དང་བློ་མཐུན་རྒན་པ། དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་དང་ཏང་ཁག་གང་ལའང་མི་གཏོགས་པའི་འཐུས་མི། བློ་མཐུན་ཅང་ཙེ་རྨིན་འཚོ་བཞུགས་སྐབས་ཀྱི་གྲོགས་པོ་སོགས་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།