ཀྲུང་གོ་བོད་ཀྱི་དྲ་བ།

ཟླ12པའི་ཟོག་འགྲེམས་ལས་རིགས་ཀྱི་དར་རྒྱས་འགྲོ་ཚད་སླར་ཡང་འཕར་བའི་རེ་བ་ཡོད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ཆར། ཀྲུང་གོའི་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཟོག་འགྲེམས་ལས་རིགས་ཀྱི་ཟླ11པའི་འབྲེལ་ཡོད་སྟོན་གྲངས་ཁྱབ་བསྒྲགས་བྱས་པ་ལྟར་ན།    རྒྱལ་ཡོངས་ཀྱི་ས་ཆ་མང་པོ་ཞིག་ལ་རིམས་ནད་ཀྱི་ཤུགས་རྐྱེན་འོག  ཟོག་འགྲེམས་མཁོ་སྤྲོད་སྦྲེལ་ཐག་འཁོར་རྒྱུག་ལ་གནོད་པ་ཐེབས་ནས་སྟོན་གྲངས་ཆག་ངེས་རེད།     འོན་ཀྱང་དོ་སྣང་བྱེད་དགོས་པ་ཞིག་ནི་རིམས་ནད་དོ་དམ་ཚོད་འཛིན་ལས་དོན་སྤེལ་བ་དང་བསྟུན།  ཟོག་འགྲེམས་ལས་རིགས་མགྱོགས་མྱུར་ངང་སླར་གསོ་བྱུང་ཞིང་།    རྒྱལ་སྲིད་སྤྱི་ཁྱབ་ཁང་ཟོག་འགྲེམས་ཤར་བགྲོད་འགན་ལེན་ལས་དོན་མགོ་ཁྲིད་ཚན་ཆུང་གཞུང་དོན་ཁང་གི་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན།    ཉེ་བའི་ཉིན་གཉིས་ནང་རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་ཐོག་གི་ཟོག་འདྲེན་རླངས་འཁོར་དང་།    སྦྲག་སྲིད་མྱུར་སྐྱེལ་དངོས་ཟོག་བསྡུ་ལེན།    དོས་སྒམ་འདོན་འཇུག་བྱེད་ཚད་བཅས་ཚང་མ་ཆེས་ཆེར་འཕར་བ་དང་།    ཟླ12པར་ཟོག་འགྲེམས་དར་རྒྱས་འགྲོ་ཚད་འཕར་བའི་རེ་བ་ཡོད།    

བྱེ་བྲག་གིས་བལྟས་ན།    ཟླ11པར་ཀྲུང་གོའི་ཟོག་འགྲེམས་ལས་རིགས་ཀྱི་དར་རྒྱས་སྟོན་གྲངས46.4%ཟིན་ཞིང་།  དེ་ཟླ་སྔོན་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་གྲངས2.4མར་ཆག་པ་དང་།     ཀྲུང་གོའི་དྲ་ཐོག་ཚོང་དོན་གྱི་ཟོག་འགྲེམས་སྟོན་གྲངས106.6ཟིན་ནས་ཟླ་སྔོན་དང་བསྡུར་ན0.3% མར་ཆག་ཡོད།    

ཀྲུང་གོའི་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོའི་ལས་རོགས་ཧོ་ཧུའེ་ཡིས། ཟླ11པར་རིམས་ནད་བྱུང་ཚུལ་མང་དུ་ཕྱིན་པ་སོགས་ཀྱིས་རྐྱེན་གྱིས་ཟོག་འགྲེམས་ཀྱི་འཁོར་སྐྱོད་ཇེ་དལ་དུ་ཕྱིན་ཡོད།     ཀྲུང་གོ་ཟོག་འགྲེམས་ཆ་འཕྲིན་ལྟེ་གནས་ཀྱི་ཞིབ་འཇུག་པ་ཧུའུ་ཧན་གྱིས་བཤད་པ་ལྟར་ན།  དུས་འགོའི་རིམས་ནད་ཀྱིས་ཟོག་འགྲེམས་དྲ་རྒྱའི་འཁོར་སྐྱོད་ལ་ཤུགས་རྐྱེན་ངེས་ཅན་བཟོ་བ་དང་དར་རྒྱས་སྟོན་གྲངས་བསྟུད་མར་ཟླ་གཉིས་ལ་མར་ཆག་ཡོད་མོད།    འོན་ཀྱང་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་གྲུབ་ཆའི་འགྱུར་ལྡོག་ལ་བལྟས་ན་གནོད་པ་ནི་སྔར་བཞིན་ཆ་ཤས་དང་དུས་ཐུང་ཞིག་རེད།    

དོན་དངོས་ཐོག་སྐྱེལ་འདྲེན་བྱེད་སྟངས་དབྱེ་ནས་བལྟས་ན།    སྐམ་སའི་སྐྱེལ་འདྲེན་ལས་སྒོ་ཇེ་དལ་ལ་ཕྱིན་པ་ལས་གཞན།    ཆུ་ལམ་གྱི་ལས་སྒོ་བརྟན་པོ་ཡོང་བ་དང་མཁའ་འགྲུལ་གྱི་སྐྱེལ་འདྲེན་དེ་བས་མགྱོགས་མྱུར་ངང་འཕར་ཡོད།     གཞི་གྲངས་ལས་མངོན་པ་ལྟར་ན།    ཟླ11པར་སྐམ་སའི་སྐྱེལ་འདྲེན་གྱི་འབྲེལ་ཡོད་ཟོག་འགྲེམས་ལས་སྒོ་སྤེལ་ཇེ་དལ་དུ་ཕྱིན་ནས་འགྲོ་ལམ་སྐྱེལ་འདྲེན་ལས་རིགས་དང་།    བཀར་འཇུག་ལས་རིགས།    འདོན་འཇུག་དབོར་འདྲེན་བཅས་ཀྱི་ལས་སྒོའི་སྤྱི་འབོར་སྟོན་གྲངས་བརྒྱ་ཆའི་གྲངས1.3དང་།    5.9།  6.1བཅས་སོ་སོར་མར་ཆག་ཡོད་པ་རེད།     འོན་ཀྱང་དེ་དང་ཆབས་ཅིག་མཁའ་འགྲུལ་ཟོག་འགྲེམས་ལས་རིགས་ཀྱི་ལས་སྒོའི་འབོར་ཚད་སྟོན་གྲངས་བསྟུད་མར་ཟླ་གཉིས་ལ་འཕར་ནས་ལས་སྒོའི་འབོར་ཚད་དང་། གཙོ་གཉེར་ལས་སྒོའི་ཁེ་སྤོགས་སྟོན་གྲངས་ཚང་མ60%ཡན་ཟིན་ནས་དར་རྒྱས་ཅུང་ཆེ་བའི་དུས་སུ་སླེབས།    

ཧུའུ་ཧན་གྱིས་བཤད་རྒྱུར།  རིམས་ནད་བྱུང་བ་ནས་ཟོག་འགྲེམས་ཁེ་ལས་ཀྱི་འགན་ལེན་ནུས་པ་དང་དྲ་རྒྱའི་ཞབས་ཞུའི་མཉེན་ཆ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།     ལོ་མཇུག་དང་ལོ་སྟོད་ནི་དཔལ་འབྱོར་ལོ་འཁོར་གྱི་མཇུག་བསྡུ་བ་དང་ལོ་རྗེས་མའི་འཕེལ་རྒྱས་ལ་འཆར་འགོད་བྱེད་པའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པ་དང་།  རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལེགས་སྒྲིག་བྱས་པ་དང་བསྟུན། སྔོན་དཔག་བྱས་ན་ཟླ12པར་ཟོག་འགྲེམས་མཁོ་སྤྲོད་སྦྲེལ་ཐག་གི་དགོས་མཁོའི་ཕྱོགས་མགྱོགས་མྱུར་ངང་སླར་གསོ་ཐུབ་ནས་ཟོག་འགྲེམས་དར་རྒྱས་འགྲོ་ཚད་སླར་ཡང་འཕར་བའི་རེ་བ་ཡོད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།