ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཞེ་ཨེར་ལ་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1129177538_16699107907001n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཟླ12པའི་ཚེས1ཉིན་གྱི་ཕྱི་དྲོར། མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཞེ་ཨར་ལ་ཐུག་འཕྲད་གནང་།

སྨི་ཞེ་ཨར་གྱིས་ཡང་བསྐྱར་བློ་མཐུན་ཅང་ཙེ་མེན་སྐུ་གཤེགས་པར་མྱ་ངན་ཆེན་པོ་ཞུས།

ལི་ཁེ་ཆང་གིས་ང་ཚོས་བློ་མཐུན་ཅང་ཙེ་མེན་ལ་མྱ་ངན་ཟབ་མོ་ཞུས་པ་ཡིན་ལ། ཡོ་རོབ་ཕྱོགས་ཀྱིས་མྱ་ངན་ཞུས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན་ཞེས་བསྟན།

ལི་ཁེ་ཆང་གིས་ཀྲུང་གོ་དང་ཡོ་རོབ་ནི་འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་བྱེད་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྱོད་དང་མཛའ་མཐུན་གྱི་སྒོ་ནས་གྲོས་མོལ་གཏིང་ཟབ་གནང་བ་རེད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་མཉམ་དུ། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། མཉམ་ལས་ཆེན་པོ་བྱེད་པ་དང་འགལ་ཟླ་འོས་འཚམ་ངང་ཐག་གཅོད་ཡག་པོ་བྱས་ནས། ནུས་ཁུངས་དང་འབྲུ་རིགས་བདེ་འཇགས། འཛམ་གླིང་གི་ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་གྱི་བདེ་འཇགས་དང་བརྟན་ལྷིང་ལ་མཉམ་དུ་སྲུང་སྐྱོབ་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་བདེ་ཐང་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་ཀས་ཕྱོགས་གཉིས་ཀར་སྒོ་འབྱེད་རྒྱ་སྐྱེད་བྱེད་རྒྱུའི་རེ་བ་ཡོད་ཅེས་བསྟན།

སྨི་ཞེ་ཨར་གྱིས་བསྟན་དོན། ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་ཕྱོགས་ཀྱིས་རེས་སྐོར་གསར་པའི་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་བར་གྱི་མགོ་ཁྲིད་པའི་ཐུག་འཕྲད་ལས་དོན་བསྒྲུབ་པར་རེ་ལྟོས་བྱེད་བཞིན་ཡོད།

ཕྱོགས་གཉིས་ཀས་ད་དུང་མཉམ་དུ་དོ་ཁུར་བྱེད་ཀྱིན་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་བསམ་ཚུལ་བརྗེ་རེས་བྱས།

ཧི་ལིས་ཧྥུན་སོགས་ཐུག་འཕྲད་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།