ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་ལ་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1129176140_16698820690501n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས1ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་མི་དམངས་ཚོགས་ཁང་ཆེན་མོ་རུ་ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་ལ་ཐུག་འཕྲད་གནང་།

ཐུང་ལུན་གྱིས་བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་པར་ཡང་བསྐྱར་མྱ་ངན་ཞུས་པ་དང་། ཝང་དབྱང་གིས་ཐུགས་རྗེ་ཆེ་ཞུས།

ཝང་དབྱང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞིས་ཁ་སང་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་གཉིས་ཀྱིས་ཀྲུང་གོ་དང་ལའོ་ཝའོ་ལས་དབང་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་ཐུན་མོང་གི་ངོས་འཛིན་གསར་བ་གྲུབ་པ་དེས་དུས་བབ་གསར་བའི་འོག་ཀྲུང་གོ་དང་ལའོ་ཝའོ་རྒྱལ་ཁབ་གཉིས་ཀྱི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་བོ་བསྟན། ཀྲུང་གོ་དང་ལའོ་ཝའོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་མཛའ་མཐུན་ཁྱིམ་མཚེས་དང་ལས་དབང་གཅིག་མཐུན་ཡིན། ཀྲུང་གོ་ཕྱོགས་ཀྱིས་ལའོ་ཝའོ་ཏང་གིས་མུ་མཐུད་དུ་རང་སྟེང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱ་གཞག་ལ་གྲུབ་འབྲས་ཐོབ་པར་མགོ་ཁྲིད་བྱེད་པར་གདེང་འཇོག་མཐོན་པོ་གནང་། ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ལའོ་ཝའོ་རྒྱལ་འཛུགས་འཐབ་ཕྱོགས་ཀྲུང་དབྱང་དང་མཉམ་དུ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོ་མགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ཡག་པོ་བྱ་རྒྱུ་དང་། རིམ་པ་སོ་སོའི་འབྲེལ་འདྲིས་གཏིང་ཟབ་ཏུ་བཏང་ནས། རང་རང་གི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་དང་། ཀྲུང་གོ་དང་ལའོ་ཝའོ་ཡི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་པར་བསྟན། 

ཐུང་ལུན་གྱིས་ཀྲུང་གུང་ཚོགས་ཆེན་ཆེན་ཉི་ཤུ་པས་བླངས་བའི་གྲུབ་འབྲས་གལ་ཆེན་ལ་གདེང་འཇོག་མཐོན་པོ་གནང་བ་དང་། ལའོ་ཝའོ་རྒྱལ་འཛུགས་འཐབ་ཕྱོགས་ཀྲུང་དབྱང་དང་ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་བརྗེ་རེས་འབྲེལ་འདྲིས་དང་ཉམས་མྱོང་མཉམ་སྤྱོད་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་དམངས་བློའི་རྨང་གཞི་ཇེ་བརྟན་དུ་བཏང་ནས། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་འབྱུང་བར་བྱས་རྗེས་གསར་བ་འཇོག་པར་ཡིད་ཆེས་ཡོད་ཅེས་བཤད། 

ཀུའུ་ཧྲིན་ཙུའུ་ཐུག་འཕྲད་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།