ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཀྲན་ཧྲུའུ་ཡིས་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཞེ་ཨེར་ལ་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1129177509_16699110700921n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཚེས1ཉིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཞེ་ཨེར་ལ་ཐུག་འཕྲད་གནང་།

སྨི་ཞེ་ཨེར་གྱིས་བློ་མཐུན་ཅང་ཙེ་རྨིན་ནད་ཀྱིས་དབང་གིས་སྐུ་གཤེགས་པར་ལྷག་བསམ་རྣམ་དག་གིས་མྱ་ངན་ཞུས།

ལི་ཀྲན་ཧྲུའུ་ཡིས་ཡོ་རོབ་ཕྱོགས་ཀྱི་མྱ་ངན་ཞུས་པར་ཐུགས་རྗེ་ཆེ་ཞུས་ཏེ། ཀྲུང་གོ་ཕྱོགས་ཀྱི་བློ་མཐུན་ཅང་ཙེ་རྨིན་གྱི་འདས་པོའི་ཕུགས་རེ་རྒྱུན་འཛིན་བྱས་ཏེ། སྔར་ལས་ལྷག་པར་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་བརྟན་བརླིང་བདེ་ཐང་ངང་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད།

ལི་ཀྲན་ཧྲུའུ་ཡིས་མིག་སྔར་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་དེ་སྔ་འཛིན་ཕྱི་གཏོད་ཀྱི་གནད་འགག་གི་དུས་སྐབས་སུ་སླེབས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་བློ་མཐུན་ཀྲུའུ་ཞི་གཉིས་ཀྱིས་ཐུན་མོང་གི་ངོས་འཛིན་མང་པོ་གྲུབ་ཡོད་པས། དེས་ཀྲུང་ཡོ་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཐབ་ཇུས་སྣེ་ཁྲིད་འདོན་སྤྲོད་བྱས་ཡོད་ཅིང་། གསོན་ཤུགས་གསར་བ་བསྣན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་མཉམ་དུ། ཕྱོགས་གཉིས་ཀྱི་མགོ་ཁྲིད་བར་གྱི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་བྱས་ཏེ། ཕན་ཚུན་བརྩི་བཀུར་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ཏེ། འཆམ་མཐུན་མཉམ་གནས་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱས་ཏེ། མཉམ་དུ་ཀྲུང་གོ་དང་ཡོ་རོབ་ཀྱི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་དང་། འཛམ་གླིང་ཞི་བདེ་དང་དར་རྒྱས་ལ་བྱས་རྗེས་སྔར་ལས་མང་པོ་འཇོག་རྒྱུ་ཡིན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཡོ་རོབ་གྲོས་ཁང་དང་།ཡོ་རོབ་མནའ་འབྲེལ་ཁོངས་མིའི་རྒྱལ་ཁབ་གྲོས་ཁང་དང་མཉམ་དུ་རྣམ་པ་མང་བ་དང་རིམ་པ་མང་བ། བྱེད་ཐབས་མང་བའི་འབྲེལ་འདྲིས་སྤེལ་ཏེ། ཀྲུང་གོ་དང་ཡོ་རོབ་ཀྱི་དངོས་གཉེར་མཉམ་ལས་ལ་ཁྲིམས་འཛུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད་པར་བསྟན།

སྨི་ཞེ་ཨེར་གྱིས་ཡོ་རོབ་མནའ་འབྲེལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་གླེང་མོལ་དང་བརྗེ་རེས་ལ་ཤུགས་བསྣན་ཏེ། ཕན་ཚུན་གྱི་ཡིད་ཆེས་ལ་ཤུགས་སྣོན་དང་། མཉམ་དུ་གནམ་གཤིས་འགྱུར་ལྡོག་དང་ནུས་ཁུངས་བདེ་འཇགས། འབྲུ་རིགས་བདེ་འཇགས་སོགས་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་རྒྱུ་ཡིན་ཞེས་བཤད།

ཧོ་མིང་ཅིན་ཐུག་འཕྲད་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།