ཀྲུང་གོ་བོད་ཀྱི་དྲ་བ།

ཚོང་དོན་པུའུ་ཡིས་ཀྲུང་གོ་དང་ཡོ་རོབ་གླིང་བར་དཔལ་འབྱོར་མཉམ་གནས་འབྲེལ་བ་ཆེན་པོ་ཆགས་ཡོད་ཅེས་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས1ཉིན་ཚོང་དོན་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཧྲུའུ་ཡུས་ཐིང་གིས། ཕྱོགས་གཉིས་ཀྱི་མཐོ་རིམ་ཆབ་སྲིད་ཀྱི་སྣེ་ཁྲིད་འོག་ཀྲུང་གོ་དང་ཡོ་རོབ་གླིང་བར་དཔལ་འབྱོར་མཉམ་གནས་འབྲེལ་བ་ཆེན་པོ་ཆགས་ཡོད་པ་དང་། ད་ལོའི་ཟླ་སྔོན་མ10རིང་། ཀྲུང་གོ་དང་ཡོ་རོབ་བར་གྱི་ཉོ་ཚོང་མ་དངུལ་ཨ་སྒོར་དུང་ཕྱུར7114ལ་སླེབས་ཤིང་འཕར་ཚད63%ཡིན་པ་རེད། ཀྲུང་གོས་ཡོ་རོབ་མནའ་འབྲེལ་གྱི་ཚོང་དོན་རོགས་ཟླ་ཨང་དང་པོ་ཡིན་པའི་གནས་བབ་སྲུང་འཛིན་བྱ་རྒྱུ་དང་ཡོ་རོབ་གླིང་མནའ་འབྲེལ་འདི་ཉིད་མུ་མཐུད་ནས་ཀྲུང་གོའི་ཚོང་དོན་རོགས་ཟླ་ཨང་གཉིས་པར་འགྱུར་འདོད་ཡོད་ཅེས་བསྟན། 

ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཞེ་ཨར་ཀྲུང་གོར་འཚམས་འདྲིར་ཕེབས་པར་ཕྱི་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་ཉོ་ཚོང་ལ་ཤུགས་རྐྱེན་ཐེབས་པར་དོ་ཁུར་བྱེད་བཞིན་ཡོད་པ་རེད། ཧྲུའུ་ཡུས་ཐིང་གིས་ཚོང་དོན་པུའུ་ཡིས་ཚེས1ཉིན་འཚོགས་པའི་དྲ་སྟེང་གི་འཆར་ཅན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་།  ཀྲུང་གོས་ཡོ་རོབ་གླིང་དང་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཕྱོགས་གཉིས་ཀྱི་གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་བརླིང་ངང་ཤར་གཏོང་ཐུབ་པར་སྲུང་སྐྱོང་དང་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་སྲོལ་དང་སྒྲིག་ལམ་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་པ་མ་ཟད། ཀྲུང་གོས་ཡོ་རོབ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་ཀྱི་མགོ་ཁྲིད་པའི་འགྲོ་འོང་དག་གོ་སྐབས་སུ་བཟུང་ནས་ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཉམ་རྒྱལ་གྱི་རྩ་དོན་རྒྱུན་འཁྱོངས་བྱ་རྒྱུ་དང་། སྔར་ལས་ཕྱོགས་གཉིས་ཀྱི་ཉོ་ཚོང་མ་གཏོང་གི་སྦས་ཤུགས་སྔོག་འདོན་དང་སྔར་ལས་ཆུ་ཚད་མཐོ་བའི་མཉམ་ལས་སྤེལ་ཏེ་འཛམ་གླིང་དཔལ་འབྱོར་ལ་བརྟན་བརླིང་རང་བཞིན་དང་དྲང་ནུས་བསྣན་འདོད་ཡོད་ཅེས་བཤད།

ཀྲུང་གོ་དང་ཡོ་རོབ་གླིང་བར་མ་རྩ་འཇོག་པའི་ཆོད་ཡིག་སྐོར་གླེང་སྐབས་ཧྲུའུ་དབྱི་ཐིང་གིས་ཀྲུང་གོ་དང་ཡོ་རོབ་གླིང་བར་མ་རྩ་འཇོག་པའི་ཆོད་ཡིག་ནི་དོ་མཉམ་དང་ཆུ་ཚད་མཐོ་བ། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་ཆོད་ཡིག་ཅིག་ཡིན་ལ། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ། འཛམ་གླིང་བཅས་ཚང་མར་ཕན་ཐོགས་ཡོད་པ་རེད། ཀྲུང་གོ་དང་ཡོ་རོབ་གླིང་གཉིས་ཀྱིས་ཧུར་ཐག་སྒོས་ཆོད་ཡིག་སྟེང་མིང་རྟགས་བཀོད་དེ་ཕྱོགས་གཉིས་ཀྱི་ཁེ་ལས་དང་མང་ཚོགས་ལ་སྔ་མོ་ནས་ཕན་ཁེ་ཐོབ་པར་བྱ་དགོས་ཞེས་བཤད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།