ཀྲུང་གོ་བོད་ཀྱི་དྲ་བ།

བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་གདུང་ཆེད་སྤྱོད་གནམ་གྲུས་པེ་ཅིན་དུ་གུས་བསྐྱལ་གནང་བ་དང་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་གནམ་གྲུ་འབབ་ཚིགས་སུ་ཕེབས་ནས་གདུང་བསུ་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རང་ཏང་དང་རང་དམག རང་རྒྱལ་གྱི་རིགས་སོ་སོའི་མི་དམངས་ཀུན་གྱིས་ཁས་ལེན་པའི་བླ་མེད་སྙན་གྲགས་ལྡན་པའི་མཆོག་གྱུར་གྱི་མགོ་ཁྲིད་པ་དང་། རླབས་ཆེ་བའི་མར་ཁེ་སི་རིང་ལུགས་པ། རླབས་ཆེ་བའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་དང་ཆབ་སྲིད་པ། དམག་དོན་པ། ཕྱི་འབྲེལ་པ། ཡུན་རིང་ཉམས་སེད་ཐེག་པའི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རླབས་ཆེའི་ལས་དོན་གྱི་ཕུལ་དུ་བྱུང་བའི་སྣེ་ཁྲིད་པ། ཏང་གི་རབས་གསུམ་པའི་ཀྲུང་དབྱང་མགོ་ཁྲིད་ཐུན་མོང་གི་སྲོག་ཤིང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་གྱི་གསར་སྐྲུན་པ་གཙོ་བོ་བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་གདུང་ཟླ12པའི་ཚེས1ཉིན་ཧྲང་ཧའེ་ནས་ཆེད་སྤྱོད་གནམ་གྲུས་པེ་ཅིན་དུ་གུས་བསྐྱལ་གནང་བ་དང་། ཞི་ཅིན་ཕིང་དང་ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིན། ཧན་ཀྲིན། ཏིན་ཞུའེ་ཞང་། ལི་ཞི། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་བློ་མཐུན་རྣམས་པེ་ཅིན་ནུབ་མཐའ་གནམ་གྲུ་འབབ་ཚིགས་སུ་ཕེབས་ནས་གདུང་བསུ་གནང་བ་མ་ཟད། བློ་མཐུན་ཅང་ཙེ་རྨིན་གྱི་ཁྱིམ་མིར་སྙིང་ཐག་པ་ནས་འཚམ་འདྲི་གནང་། ཚའེ་ཆི་དང་འདས་མཆོད་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་བློ་མཐུན། བློ་མཐུན་ཅང་ཙེ་རྨིན་གྱི་གཉེན་ཉེ་བཅས་ཀྱིས་ཧྲང་ཧའེ་ནས་བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་གདུང་པེ་ཅིན་དུ་སྲུང་སྐྱེལ་གནང་། 

པེ་ཅིན་མཐའ་མཚམས་གནམ་གྲུ་འབབ་ཚིགས་སུ་རྒྱལ་དར་ཕྱེད་ཀར་མར་ཕབ་ཅིང་། ཁོར་ཡུག་བརྗིད་ཉམས་ལྡན་པ་དང་ངོས་ནག་པོར་ཡི་གེ་དཀར་པོའི་འཕྲེད་བྱང་སྟེང་བློ་མཐུན་ཅང་ཙེ་རྨིན་ཇི་སྲིད་བར་མི་ནུབ་པར་གྱུར་ཅིག་ཅེས་དང་། བློ་མཐུན་ཅང་ཙེ་རྨིན་ནམ་ཡང་ང་ཚོའི་སེམས་ཁོངས་སུ་གནས་ཡོད་ཅེས་བྲིས་ཡོད། ཞི་ཅིན་ཕིང་དང་ལྕམ་མོ་ཕེང་ལི་ཡོན་སོགས་ཀྱིས་བྲང་ཁར་མེ་ཏོག་དཀར་པོ་དང་དཔུང་བར་དར་ནག་བཏེག་ནས། སེམས་གདུང་ཆེན་པོས་འབབ་ཐང་དུ་ཀྲོང་ངེར་ལངས་ཡོད།

ཆུ་ཚོད15དང་སྐར་མ55སྟེང་། བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་གདུང་བཞུགས་པའི་གནམ་གྲུ་དལ་བུར་ཐང་ལ་བབས། ཞེན་ཆགས་ཀྱི་མྱ་ངན་རོལ་དབྱངས་ཁྲོད། གུས་དམག12ཀྱིས་བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་གདུང་བཞུགས་པའི་གདུང་སྒམ་བཀྱག་ནས་དལ་གྱིས་གནམ་གྲུ་ལས་བབས་པ་དང་། གདུང་བསུ་གནང་མཁན་རུ་ཁག་གི་མདུན་དབུས་སུ་ཀྲོང་ངེས་ལངས། ཞི་ཅིན་ཕིང་སོགས་ཀྱིས་བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་གདུང་ལ་གུས་ཕྱག་ཐེངས་གསུམ་འཚལ་བ་དང་གདུང་སྒམ་རླངས་འཁོར་དུ་བསྐྱལ་བར་མིག་སྐྱེལ་བྱས། དེའི་རྗེས། འདས་མཆོད་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཁོངས་མི་དང་བློ་མཐུན་ཅང་ཙེ་རྨིན་གྱི་ཁྱིམ་མིས་སྐུ་གདུང་སྲུང་སྐྱེལ་བྱས་ཏེ་གདུང་འཇོག་ས་གནས་སུ་བསྐྱལ།

ཉིན་གུང་གི་ཆུ་ཚོད12དང་སྐར་མ10སྟེང་། གདུང་སྒམ་སྐྱེལ་བའི་མཛད་སྒོ་ཧྲང་ཧའེ་ཧྭ་ཏུང་སྨན་ཁང་གི་གྱེས་མཇལ་ཁང་ནས་སྤེལ།  འདས་མཆོད་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཁོངས་མི་དང་ཧྲང་ཧའེ་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་ཁུར་བློ་མཐུན། ཅང་ཙེ་རྨིན་གྱི་ཁྱིམ་མི་དང་གྲོགས་པོ། སྨན་བཅོས་མི་སྣ་སོགས་ཀྱིས་བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་གདུང་ལ་གྱེས་ཕྱག་མཛད་པ་མ་ཟད། གདུང་སྒམ་ཧྲང་ཧའེ་ཧུང་ཆའོ་གནམ་གྲུ་འབབ་ཚིགས་སུ་སྲུང་སྐྱེལ་གནང་། ཧྲང་ཧའེ་ལས་རིགས་ཁག་གི་མང་ཚོགས་ཀྱིས་ལམ་བར་དུ་སྐྱེལ་མ་མཛད།

པེ་ཅིན་དུ་སྡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ཨུ་ཡོན། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། པེ་ཅིན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུའི་ཨུ་ཡོན་བཅས་ཀྱང་པེ་ཅིན་ནུབ་མཐའ་གནམ་གྲུ་འབབ་ཚིགས་སུ་ཕེབས་ནས་གདུང་བསུ་གནང་།

བློ་མཐུན་ཅང་ཙེ་རྨིན་ནི་ཟླ11པའི་ཚེས30ཉིན་ཧྲང་ཧའེ་ནས་སྐུ་གཤེགས་པ་དང་། དགུང་ལོ96བཞེས་ཡོད། ། 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།