ཀྲུང་གོ་བོད་ཀྱི་དྲ་བ།

བློ་མཐུན་ཅང་ཙེ་རྨིན་གྱི་འདས་མཆོད་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།(ཨང་དང་པོ)

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བློ་མཐུན་ཅང་ཙེ་རྨིན་གྱི་འདས་མཆོད་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

(ཨང་དང་པོ།)

ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་བློ་མཐུན་ཅང་ཙེ་རྨིན་ལ་བཅངས་པའི་བླ་མེད་ཀྱི་གུས་འདུད་དང་གདུང་སེམས་ཀྱི་མྱ་ངན་མངོན་པར་མཚོན་ཆེད། ད་ལྟ་ཐག་བཅད་པ་གཤམ་ལྟར།

(གཅིག) ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ཡི་གེ་འདི་འབྱོར་བའི་ཉིན་ནས་བཟུང་བློ་མཐུན་ཅང་ཙེ་རྨིན་ལ་མྱ་ངན་ཞུ་བའི་ཚོགས་ཆེན་འཚོགས་པའི་བར་དུ། པེ་ཅིན་གནམ་བདེ་སྒོ་མོ་ཆེ་དང་ཞིན་ཧྭ་སྒོ་མོ། མི་དམངས་ཚོགས་ཁང་ཆེན་མོ། ཕྱི་འབྲེལ་པུའུ་དང་ཞང་ཀང་གི་ཀྲུང་དབྱང་འབྲེལ་གཏུག་གཞུང་སྒྲུབ་ཁང་། ཨའོ་མོན་གྱི་ཀྲུང་དབྱང་འབྲེལ་གཏུག་གཞུང་སྒྲུབ་ཁང་། ཕྱི་རྒྱལ་དུ་སྡོད་པའི་གཞུང་ཚབ་ཁང་བཅས་ཀྱིས་རྒྱལ་དར་ཕྱེད་ཀར་མར་ཕབ་ནས་མྱ་ངན་ཞུ་དགོས། འདིའི་སྐབས་སུ། ཞང་ཀང་གི་ཀྲུང་དབྱང་འབྲེལ་གཏུག་གཞུང་སྒྲུབ་ཁང་དང་ཨའོ་མོན་གྱི་ཀྲུང་དབྱང་འབྲེལ་གཏུག་གཞུང་སྒྲུབ་ཁང་། ཕྱི་རྒྱལ་དུ་སྡོད་པའི་གཞུང་ཚབ་ཁང་བཅས་ཀྱིས་གདུང་ཁང་བཙུགས་ནས་ཀང་ཨའོ་ས་ཁུལ་དང་གཞུང་ཚབ་སྡོད་སའི་ཕྱི་རྒྱལ་གྱི་མྱ་ངན་སེམས་གསོར་སྣེ་ལེན་བྱེད་དགོས།

(གཉིས།) རང་རྒྱལ་གྱི་རྒྱུན་སྲོལ་ལྟར། ཕྱི་རྒྱལ་གྱི་སྲིད་གཞུང་དང་སྲིད་ཏང་། མཛའ་བརྩེའི་གྲོགས་པོ་ཁག་གི་འཐུས་ཚབ་ཚོགས་པའམ་འཐུས་མི་ཀྲུང་གོར་མྱ་ངན་བྱ་འགུལ་དུ་ཞུགས་པར་གདན་ཞུ་མི་བྱེད། 

ཆེད་དུ་སྤྱི་བསྒྲགས་སྤེལ་བ་ཡིན། 

ཅང་ཙེ་རྨིན་གྱི་འདས་མཆོད་ཨུ་ཡོན་ལྷན་ཁང་།

2022ལོའི་ཟླ11པའི་ཚེས30ཉིན།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།