ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་ཨུའི་ནུས་ཁུངས་ཚོང་དོན་གླེང་སྟེགས་སྐབས་བཞི་པར་ཤིས་འཕྲིན་སྤྲིངས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-11-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཨུའི་ནུས་ཁུངས་ཚོང་དོན་གླེང་སྟེགས་སྐབས་བཞི་པར་ཤིས་འཕྲིན་སྤྲིངས། 

ཞི་ཅིན་ཕིང་གིས། ཀྲུང་ཨུའི་ནུས་ཁུངས་མཉམ་ལས་ནི་རྒྱལ་ཁབ་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་ཀྱི་རྨང་རྡོ་གལ་ཆེན་ཞིག་ཡིན་ལ། གོ་ལ་ཧྲིལ་བོའི་ནུས་ཁུངས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་ནུས་ཤུགས་གཙོ་བོའང་ཡིན་པ་རེད།  ཀྲུང་ཨུ་ཕྱོགས་གཉིས་ཀྱིས་ཕྱི་ཕྱོགས་ཀྱི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་གདོང་གཏོད་ཆེད་ཕན་ཚུན་གྱི་འབྲེལ་གཏུག་རོགས་ལས་ལ་ཤུགས་སྣོན་དང་མཉམ་ལས་ཀྱི་རྣམ་གྲངས་གལ་ཆེན་ལ་སྐུལ་འདེད་བཏང་བ་དེས་ཀྲུང་ཨུའི་ནུས་ཁུངས་མཉམ་ལས་ཀྱི་མཉེན་གཤིས་མཚོན་པ་མ་ཟད། ཀྲུང་ཨུའི་དུས་རབས་གསར་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་མདུན་ལྗོངས་རྒྱ་ཆེར་ལྡན་པ་ཞིབ་འགྲེལ་བྱས་ཡོད། ཀྲུང་གོས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་སྔར་ལས་དམ་ཟབ་སྒོས་ནུས་ཁུངས་མཉམ་ལས་ཀྱི་རོགས་ཟླའི་འབྲེལ་བ་བཏོད་དེ་ནུས་ཁུངས་དྭངས་གཙང་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་ནུས་ཁུངས་བདེ་འཇགས་ཀྱིས་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་བརླིང་ཡོང་བར་སྲུང་སྐྱོང་བྱས་ནས་རྒྱལ་སྤྱིའི་ནུས་ཁུངས་ཁྲོམ་ར་དེ་ཡུན་རིང་བོར་སྐྱོན་བྲལ་དང་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད་ཅེས་བསྟན།

ཉིན་འདིར་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་གྱིས་ཀྱང་ཀྲུང་ཨུ་ནུས་ཁུངས་ཚོང་དོན་གླེང་སྟེགས་སྐབས་བཞི་པར་ཤིས་འཕྲིན་སྤྲིངས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།