ཀྲུང་གོ་བོད་ཀྱི་དྲ་བ།

ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོའམ་ཁུ་པ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི-ཁ་ནེར་གྱིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱ་རྒྱུ་རེད།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-11-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཏི་ཡ་སི-ཁར་ནེར།    

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར། ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོའམ་ཁུ་པ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སྨི་ཀེར·ཏི་ཡ་སི-ཁ་ནེར·པེ་མུའུ་ཏེ་སི་ཡིས། ཟླ11པའི་ཚེས24 ཉིན་ནས་ཚེས26ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱ་རྒྱུ་རེད།    

སྨི་ཀེར·ཏི་ཡ་སི-ཁ་ནེར·པེ་མུའུ་ཏེ་སི་ནི།  ཕོ།  ལོ62།     ཁུ་པའི་གུང་ཁྲན་ཏང་པི་ཡ་ཁེ་ལ་དང་ཨོའར་ཅིན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་པོ། ཁུ་པའི་མཐོ་རིམ་སློབ་གསོ་པུའུ་ཡི་པུའུ་ཀྲང་།    པུའུ་ཀྲང་ཚོགས་འདུའི་ཀྲུའུ་ཞི་གཞོན་པ།    རྒྱལ་དོན་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོ།  པུའུ་ཀྲང་ཚོགས་འདུའི་ཀྲུའུ་ཞི་གཞོན་པ་དང་པོ་སོགས་ཀྱི་གོ་གནས་སྔ་རྗེས་སུ་འཁུར་ཡོད་པ་རེད།     2018ལོའི་ཟླ4པར། ཁུ་པའི་རྒྱལ་དོན་ཨུ་ལྷན་གྱི་ཀྲུའུ་ཞི་དང་པུའུ་ཀྲང་ཚོགས་འདུའི་ཀྲུའུ་ཞིའི་འགན་བཞེས།     2019ལོའི་ཟླ10པར། ཁུ་པ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་ཤིང་།     2021ལོའི་ཟླ4པར། ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོར་བདམས།    

2013ལོའི་ཟླ6པར་རྒྱལ་དོན་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོའམ་པུའུ་ཀྲང་ཚོགས་འདུའི་ཀྲུའུ་ཞི་གཞོན་པ་གཅིག་ལྕོགས་ཡིན་པའི་ངོས་ནས་ཀྲུང་གོར་འཚམས་འདྲི་གནང་བ་རེད།     2015ལོའི་ཟླ9པར་ཀྲུང་གོར་ཡོང་ནས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ལོན་ནས་ལོ་ངོ70འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས།     2018ལོའི་ཟླ11པར་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བ་མ་ཟད། སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ནང་ཞུགས། །    

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།