《བརྒྱུད་ངེས་ཀྱི་ལམ་བུ་ལྔ་སྟེ་དུས་རབས་གསར་པའི་ཀྲུང་གོར་འབྲས་བཟང་ཐོབ་པའི་གདམས་ངག》ཅེས་པ་པར་སྐྲུན་འགྲེམས་སྤེལ་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གོ་བདེ་བའི་རིག་གཞུང་ཀློག་དེབ《བརྒྱུད་ངེས་ཀྱི་ལམ་བུ་ལྔ་སྟེ་དུས་རབས་གསར་པའི་ཀྲུང་གོར་འབྲས་བཟང་ཐོབ་པའི་གདམས་ངག》ཅེས་པ་ཉེ་ཆར་ཞིན་ཧྭ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།

《བརྒྱུད་ངེས་ཀྱི་ལམ་བུ་ལྔ་སྟེ་དུས་རབས་གསར་པའི་ཀྲུང་གོར་འབྲས་བཟང་ཐོབ་པའི་གདམས་ངག》ཅེས་པའི་དཔེ་དེབ་ནང་ཞིན་ཧྭ་གསར་འགྱུར་ཁང་གིས་ཡོངས་གྲགས་སྒོས་འགྲེམས་སྤེལ་བྱས་པའི་དཔྱད་བརྗོད་དང་རྒྱས་འཕྲིན། དཔྱད་བརྗོད་པའི་རྩོམ་ཡིག་སོགས་བཀོད་ཡོད་པ་མ་ཟད། རྣམ་པ་གསར་ཞིང་ནང་དོན་གསོན་ཉམས་ལྡན་པའི་བརྙན་འཕྲིན་ཐོན་ཁུངས་ཀྱང་བཀོད་སྒྲིག་བྱས་ཡོད། དེའི་ནང་གཙོ་བོར“ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་བརྒྱུད་ངེས་ཀྱི་ལམ་བུ་སྟེ་ཏང་གིས་ཕྱོགས་ཡོངས་ཀྱི་མགོ་འཁྲིད་པ་རྒྱུན་འཁྱོངས་བྱེད་པ”ཞེས་པ་དང“ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་ཆེན་མངོན་འགྱུར་བྱེད་པའི་བརྒྱུད་ངེས་ཀྱི་ལམ་བུ་སྟེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས” “ཀྲུང་གོའི་མི་དམངས་ཀྱིས་ལོ་རྒྱུས་ཀྱི་བྱ་གཞག་རླབས་ཆེན་གཏོད་པའི་བརྒྱུད་ངེས་ཀྱི་ལམ་བུ་སྟེ་མཐུན་སྒྲིལ་འབད་འཐབ་བྱེད་པ” “དུས་རབས་གསར་པའི་རང་རྒྱལ་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་བརྒྱུད་ངེས་ཀྱི་ལམ་བུ་སྟེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ” “ནམ་ཡང་ཏང་འདིར་གསོན་ཤུགས་རྒྱས་པར་བྱས་ཏེ་རྒྱུགས་སྤྲོད་ཀྱི་ལམ་བུ་གསར་པར་སྐྱོད་པའི་ལྡོག་མེད་ཀྱི་ལམ་བུ་སྟེ་ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བ”བཅས་ཕྱོགས་ལྔ་ཡི་ནང་དོན་འདུས་ཡོད། 

དཔེ་དེབ་འདིའི་ནང“བརྒྱུད་ངེས་ཀྱི་ལམ་བུ་ལྔ”ཡི་སྟེང་ནས་གུང་ཁྲང་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད།  མིིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་སྔར་ལས་ངོས་འཛིན་གཏིང་ཟབ་བྱས་ཤིང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་ཆེན་ཡོང་བའི་འོད་ཟེར་སྟོང་ལྡན་གྱི་མདུན་ལྗོངས་ལ“གྲུབ་འབྲས་ཐོབ་པའི་གདམས་ངག”ཞིབ་བརྗོད་བྱས་ཡོད།  །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།