ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་ཁག་གསུམ་གྱིས་མཉམ་དུ་ཤེས་རིག་བདེ་ཐང་རྒན་གསོའི་ཐོན་རྫས་དང་ཞབས་ཞུ་ཁྱབ་གདལ་དུ་གཏོང་བར་ཤུགས་བསྣན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-11-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས23ཉིན་བཟོ་ལས་དང་ཆ་འཕྲིན་པུའུ་ནས་རྒྱུས་ལོན་པ་ལྟར་ན། བཟོ་ལས་ཆ་འཕྲིན་པུའུ་དང་དམངས་སྲིད་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཉེ་ལམ་བརྡ་ཐོ་དཔར་འགྲེམས་བྱས་ཏེ། 2022ལོའི་ཤེས་རིག་བདེ་ཐང་རྒན་གསོའི་ཐོན་་རྫས་དང་ཞབས་ཞུ་ཁྱབ་གདལ་མིང་ཐོ་ཡར་ཞུ་ལས་དོན་སྤེལ་བར་རྩ་འཛུགས་བྱས། བཟོ་ལས་དང་ཆ་འཕྲིན་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། ལས་དོན་འདི་སྤེལ་བའི་དམིགས་ཡུལ་ནི“ཚན་རྩལ+རྒན་གསོ”ཡི་ཕན་ནུས་གློད་བགྲོལ་བྱས་ཏེ། ཤེས་རིག་རྒན་གསོ་ལ་བརྟེན་ནས་རྒན་པའི་འཚོ་བར་རོགས་སྐྱོར་བྱ་རྒྱུ་དེ་ཡིན་ཞེས་བཤད།

ཉེ་བའི་ལོ་འགའི་རིང་། རང་རྒྱལ་གྱིས་ནུས་ཤུགས་ཡོད་རྒུས་ཤེས་རིག་བདེ་ཐང་རྒན་གསོའི་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ཉེ་སྔོན། བཟོ་ལས་དང་ཆ་འཕྲིན་པུའུ་སོགས་སྡེ་ཁག་ལྔ་ཡིས《གྲངས་འཛིན་ཅན་གྱིས་འཛད་སྤྱོད་ཐོན་རྫས་བཟོ་ལས་ཀྱི“གསུམ་རྫས”འགུལ་སྐྱོད་འཆར་གཞི(2022ལོ་ནས2025ལོ)》ཁྱབ་བསྒྲགས་བྱས་ཏེ། བདེ་ཐང་དང་སྨན་བཅོས། རྒན་གསོ་སོགས་ལ་དམིགས་ཏེ་ནུས་ཤུགས་ཡོད་རྒུས“འཕྲིན་འབྲེལ་དྲ་བ+འཛད་སྤྱོད་ཐོན་རྫས”འཕེལ་རྒྱས་སུ་གཏོང་བ་གསལ་བོར་བསྟན་ཡོད། ཚོང་རའི་སྟེང་། ཤེས་རིག་བདེ་ཐང་རྒན་གསོར་དམིགས་པའི་གསར་གཏོད་སྔར་ལས་ཇེ་མང་དུ་གྱུར། གཞི་གྲངས་ལས་མངོན་པ་ལྟར་ན། མིག་སྔའི་བར་དུ། རང་རྒྱལ་དུ་ཤེས་རིག་བདེ་ཐང་རྒན་གསོའི་འབྲེལ་ཡོད་ཁེ་ལས1800ལྷག་ཡོད།

བཟོ་ལས་དང་ཆ་འཕྲིན་པུའུ་ཡི་འབྲེལ་ཡོད་འགན་འཁུར་པས་བཤད་རྒྱུར། ཚན་རྩལ་ལ་བརྟེན་ནས་རྒན་པའི་འཚོ་བའི་སྤུས་ཚད་ཇེ་མཐོར་གཏོང་བར་སྐུལ་སྤེལ་བྱེད་དགོས་ཤིང་། བཟོ་ལས་དང་ཆ་འཕྲིན་པུའུ་དང་དམངས་སྲིད་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་བཅས་ཀྱིས2022ལོའི་ཤེས་རིག་བདེ་ཐང་རྒན་གསོའི་ཐོན་རྫས་དང་ཞབས་ཞུ་ཁྱད་གདལ་མིང་ཐོ་ཡར་ཞུའི་ལས་དོན་སྤེལ་བཞིན་ཡོད།

བཟོ་ལས་དང་ཆ་འཕྲིན་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། རྗེས་མར་སྲིད་ཇུས་ཀྱི་ཁ་ཕྱོགས་ནི་ཁེ་ལས་ཀྱིས་གྲངས་འཛིན་ཅན་གྱི་ཞིབ་འཇུག་གསར་སྤེལ་གྱིས་ཐོན་རྫས་གསར་བརྗེ་ལ་སྐུལ་འདེད་གཏོང་རྒྱུ་དང་། རང་བརྟེན་གསར་གཏོད་ཀྱིས་འཛད་སྤྱོད་རིམ་སྤར་ལ་སྣེ་ཁྲིད་དེ། འཛད་སྤྱོད་པས་རིམ་པ་མང་བ་དང་། རང་གཤིས་ཅན། སྤུས་ཚད་མཐོ་བའི་མཛད་སྤྱོད་དགོས་མཁོ་སྐོང་རྒྱུ་ཡིན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།