ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཧྲུའུ་ལེ་ཡིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་དགོས་པར་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-11-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས23ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི《མགོ་བརྗོད》དང《བསྐྱར་དར་ཡིག་མཛོད》ཀྱི་པོད་དང་པོ་དང་པོད་གསུམ་པའི་བར་གྱི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་པེ་ཅིན་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལི་ཧྲུའུ་ལེ་ཚོགས་འདུར་ཞུགས་ནས་གཏམ་བཤད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི《བསྐྱར་དར་ཡིག་མཛོད》ལ་བརྩམས་པའི《མགོ་བརྗོད》ཡི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་མཐར་ཕྱིན་དང་དེར་གོ་བ་གཏིང་ཟབ་ལེན་རྒྱུ་དང་། ལོ་རྒྱུས་ཀྱི་གདེང་ཚོད་སྔར་ལས་ཇེ་བརྟན་དུ་གཏོང་བ། དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོར་སྟངས་འཛིན་ཡང་དག་བྱེད་པ། ལོ་རྒྱུས་མེ་ལོང་དུ་འཛིན་པ། ཤེས་རྟོགས་ཡོང་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།

ཚོགས་ཞུགས་འཐུས་མིས《བསྐྱར་དར་ཡིག་མཛོད》རྩོམ་སྒྲིག་བྱེད་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཆོག་མཆན་ཐོབ་ནས་ལག་བསྟར་བྱེད་པའི་རིག་གནས་ཀྱི་བཟོ་སྐྲུན་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྩམས་པའི《མགོ་བརྗོད》ཀྱི་ནང་དུ། ལོ་རྒྱུས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་གཟིགས་རྒྱང་རིང་བའི་སྒོ་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་དང་བརྗོད་དོན་གཙོ་བོ། འོད་སྟོང་འབར་བའི་མདུན་ལམ་བཅས་ལ་རྒྱས་བཤད་གཏིང་ཟབ་གནང་བ་དང་། 《བསྐྱར་དར་ཡིག་མཛོད》རྩོམ་སྒྲིག་དཔེ་སྐྲུན་བྱེད་པའི་དོན་སྙིང་གལ་ཆེན་དང་ནང་སྙིང་འཛོམས་པོ། དུས་རབས་ཀྱི་རིན་ཐང་བཅས་ལ་རྒྱས་བཤད་གནང་བ་དེ་ནི། དགོངས་པ་ཟབ་མོ་དང་མི་སེམས་ལ་སྐུལ་མ་གཏོང་བ། འབད་འབུངས་ཡར་བརྩོན་བཅས་ཀྱི་ཚད་ལྡན་ཡིག་ཚགས་གལ་ཆེན་ཞིག་རེད་ཅེས་བསྟན།

གྲོས་ཚོགས་ལས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འཆར་གཞི་བརྗིད་པོ་ཆེ་བཀོད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི《མགོ་བརྗོད》ཀྱི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་བྱེད་རྒྱུ་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དེ་དྲིལ་སྒྲོག་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ནས། 《བསྐྱར་དར་ཡིག་མཛོད》ལ་སློབ་སྦྱོང་བཟང་བོ་དང་བེད་སྤྱོད་ཡག་པོ་བྱས་ཏེ། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་རང་འགུལ་ཐོག་མཐའ་བར་གསུམ་དུ་ཁོང་དུ་ཆུད་པར་བྱེད་པ་དང་། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་ཟམ་མི་ཆད་པར་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པར་ཤུགས་སྣོན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་པ། སྤྱི་ཚོགས་ཡོངས་ཀྱིས་སྙིང་སྟོབས་ཆེར་སྐྱེད་ཀྱི་བསམ་པའི་འཁྱེར་ཕྱོགས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པར་བསྟན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།