ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་རྒྱལ་ཡོངས་ཀྱི་གསར་དུ་བསྡུ་ལེན་བྱས་པའི་གཞུང་ཞབས་པ་ལས་རྐང་སྟེང་ཞུགས་པར་གཅིག་གྱུར་ཐོག་གསོ་སྦྱོང་འཛིན་གྲྭ་ཐོག་མ་སྤེལ་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལས་བྱེད་པའིི་མགོ་ཁུངས་ཀྱི་གསོ་སྐྱོང་དང་གཞུང་ཞབས་པའི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་གལ་ཆེའི་མཛུབ་སྟོན་དགོངས་དོན་ནན་ཏན་སྒོས་དངོས་འབེབས་མཐར་ཕྱིན་བྱ་ཆེད། ཟླ11པའི་ཚེས17ཉིན་ནས་ཚེས21ཉིན་བར། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་གཅིག་གྱུར་ཐོག་རྒྱལ་ཡོངས་ཀྱི་གསར་དུ་བསྡུ་ལེན་བྱས་པའི་གཞུང་ཞབས་པ་ལས་རྐང་སྟེང་ཞུགས་པའི་གསོ་སྦྱོང་འཛིན་གྲྭ་ཐོག་མ་སྤེལ་བ་རེད། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་མགོ་ཁྲིད་པ་འཛིན་གྲྭའི་མགོ་རྩོམ་མཛད་སྒོ་དང་མཇུག་སྒྲིལ་མཛད་སྒོར་ཞུགས་པ་མ་ཟད་གཏམ་བཤད། རྒྱལ་ཡོངས་ཀྱི་གསར་དུ་བསྡུ་ལེན་བྱས་པའི་གཞུང་ཞབས་པ་ཁྲི19.5གསོ་སྦྱོང་ལ་ཞུགས་པ་དང་། ཐུན་མོང་ཐོག་རྩ་ཁྲིམས་ཀྱི་དམ་བཅའ་བཞག  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།