ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོའི་ཟླ1པོ་ནས་ཟླ10བའི་བར་རང་རྒྱལ་གྱི་གཞུང་ལམ་དང་ཆུ་ལམ་གྱི་འགྲིམ་འགྲུལ་ཐད་གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར24665བཏང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་ཚེས22ཉིན་གཞི་གྲངས་ཁྱབ་བསྒྲགས་བྱས་པ་ལྟར་ན། ད་ལོའི་ཟླ1པོ་ནས་ཟླ10བའི་བར་རང་རྒྱལ་གྱི་གཞུང་ལམ་དང་ཆུ་ལམ་གྱི་འགྲིམ་འགྲུལ་ཐད་གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར24665བཏང་བ་དང་། དུས་མཉམ་ལས9.5%འཕར་ཡོད།

བྱེ་བྲག་ཏུ་བལྟས་ན། ཟླ1པོ་ནས་ཟླ10བའི་བར་དུ། གཞུང་ལམ་ཐད་ཀྱི་མ་དངུལ་སྒོར་དུང་ཕྱུར23369བཏང་བ་དང་། དུས་མཉམ་ལས9.6%འཕར་ཡོད། ནང་འབབ་གཙང་བོ་ཐད་མ་དངུལ་སྒོར་དུང་ཕྱུར634བཏང་བ་དང་། དུས་མཉམ་ལས9.2%འཕར། མཚོ་འགྲམ་ཐད་ཀྱི་མ་དངུལ་སྒོར་དུང་ཕྱུར652བཏང་སྟེ། དུས་མཉམ་ལས8.2%འཕར།

གྲུ་ཚིགས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ལ་འཕར་སྣོན་ཆེན་པོ་བྱུང་།  ཟླ1པོ་ནས་ཟླ10བའི་བར་དུ། རྒྱལ་ཡོངས་ཀྱི་གྲུ་ཚིགས་ཀྱིས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར129.3ལེགས་འགྲུབ་བྱས་ཏེ། དུས་མཉམ་ལས0.5%འཕར། དོས་སྒམ་སྐྱེལ་འདྲེན་བྱེད་ཚད་སྒམ་དུང་ཕྱུར2.4ལེགས་འགྲུབ་བྱས་ཏེ། དུས་མཉམ་ལས4.0%འཕར།

ཆུ་ལམ་གྱི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ལའང་འཕར་སྣོན་ཆེན་པོ་བྱུང་བ། ཟླ1པོ་ནས་ཟླ10བའི་བར། རང་རྒྱལ་གྱིས་ཆུ་ལམ་གྱིས་དངོས་ཟོག་ཏུན་དུང་ཕྱུར70.4སྐྱེལ་འདྲེན་བྱས་པ་དང་། དུས་མཉམ་ལས4.8%འཕར། ཆུ་ལམ་གྱི་དངོས་ཟོག་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་དུང་ཕྱུར་ཏུན98900.4ལེགས་འགྲུབ་བྱས་ཏེ། དུས་མཉམ་ལས5.5%འཕར་སྣོན་བྱུང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།