ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོའི་ཟླ1པོ་ནས་ཟླ10བའི་བར་བསྡོམས་པས་ཆུ་བེད་རྣམ་གྲངས་ཁྲི2.4གསར་དུ་ལས་མགོ་བརྩམས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཆུ་བེད་པུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ཟླ1པོ་ནས་ཟླ10བའི་བར་རྒྱལ་ཡོངས་སུ་བསྡོམས་པས་ཆུ་བེད་རྣམ་གྲངས་ཁྲི2.4གསར་དུ་ལས་མགོ་བརྩམས་པ་དང་། དངུལ་གཏོང་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི1.15གསར་སྣོན་བྱས་ཏེ། ན་ནིང་གི་དུས་མཉམ་ལས་ལས་མགོ་བརྩམས་པའི་རྣམ་གྲངས5200ཇེ་མང་དུ་སོང་བ་དང་། དངུལ་གཏོང་གཞི་ཁྱོན་སྒོར་དུང་ཕྱུར7235ཇེ་མང་དུ་སོང་།

ཟླ1པོ་ནས་ཟླ10བའི་བར། ཆུ་བེད་འཛུགས་སྐྲུན་ཐད་ཀྱི་དངུལ་གཏོང་སྒོར་དུང་ཕྱུར9211ལེགས་འགྲུབ་བྱས་པ་དང་། དུས་མཉམ་ལས63.3%འཕར་ཏེ། ཟླ9བའི་ཟླ་མཇུག་བར་དང་བསྡུར་ན་དངུལ་གཏོང་སྒོར་དུང་ཕྱུར975ཇེ་མང་དུ་སོང་། ཞིང་ཆེན12ཀྱིས་དངུལ་གཏོང་སྒོར་དུང་ཕྱུར400ལས་བརྒལ་བ་ལེགས་འགྲུབ་བྱས། དེའི་ཁྲོད་ཀོང་ཏུང་དང་ཡུན་ནན། ཧོ་པེ། ཨན་ཧྭེ་བཅས་ཀྱིས་དངུལ་གཏོང་སྒོར་དུང་ཕྱུར500ལས་བརྒལ་བ་ལེགས་འགྲུབ་བྱས། ཆུ་བེད་འཛུགས་སྐྲུན་གྱིས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ནུས་པ་རྒྱུན་མཐུད་ངང་འདོན་སྤེལ་བྱས་ཏེ། ཆུ་བེད་རྣམ་གྲངས་ལག་བསྟར་བྱས་པ་ལས་ལས་ཞུགས་མི་གྲངས་ཁྲི226བསྡུ་ལེན་བྱས་ཤིང་། དེའི་ཁྲོད་ཞིང་སྡེའི་ངལ་རྩོལ་པ་མི་ཁྲི183ཡོད་པ་དང་། ཟླ9བའི་ཟླ་མཇུག་བར་དང་བསྡུར་ན་མི་ཁྲི17དང་མི་ཁྲི12ཇེ་མང་དུ་སོང་ཡོད། འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཀོང་ཏུང་ཀྲུའུ་ཅང་ཟུར་གསུམ་གླིང་གི་ཐོན་ཁུངས་བཀོད་སྒྲིག་ལས་གཞིའི་ཕུག་ལམ48ཚང་མ་ཤར་གཏོང་བྱས་པ་དང་། ཞི་ཅང་ཏ་ཐིན་ཞ་ཆུ་བེད་ལས་གཞིའི་རྒྱུན་ལྡན་གྱི་ཆུ་གསོག་ལ་ཞིབ་བཤེར་རྩིས་ལེན་ཐོབ། བོད་ལྗོངས་ཞང་གཙང་བོའི་ཆུ་བེད་ལས་གཞི་བདེ་བླག་ངང་ཆུ་གསོག་སྟེ། རྨ་ཆུའི་ཞའོ་ལང་ཏེ་ལྷོ་འགྲམ་གྱི་ཆུ་འདྲེན་ལས་གཞིའི་ཆུ་རྐ་ལ་ཚོད་ལྟའི་ཚུལ་དུ་ཆུ་འདྲེན་ཐུབ་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།