ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་གླེང་སྟེགས་ནན་ཁྲེང་དུ་བསྡུས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན། ཟླ11པའི་ཚེས19ཉིན་ནས་ཚེས20ཉིན་བར། ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་གླེང་སྟེགས་ཀྱི་ལོ་ཚོགས་ཅང་ཞི་ཞིང་ཆེན་ནན་ཁྲེང་གྲོང་ཁྱེར་དུ་བསྡུས། ཐེངས་འདིའི་ལོ་ཚོགས་ཀྱི་བརྗོད་བྱ་ནི“སྐྱེ་ཁམས་དཔལ་ཡོན་དང་ལྗང་མདོག་འཕེལ་རྒྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ཀྲུང་གོ་འཛུགས་སྐྲུན་བྱེད་པ”དེ་ཡིན་ཞིང་། དུས་མཉམ་དུ“སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་འཛུགས་སྐྲུན”སོགས་བྱེ་བྲག་གི་གླེང་སྟེགས12སྤེལ་ཏེ། “རི་སྔོ་ཆུ་དྭངས”དང“གསེར་རི་དངུལ་རི”ཡི་ཕྱོགས་གཉིས་བསྒྱུར་བཅོས་བྱེད་ཐབས་དང་ལམ་ལུགས་མངོན་འགྱུར་སོགས་ཀྱི་གླེང་གཞིར་དམིགས་ཏེ།《སྐྱེ་ཁམས་དཔལ་ཡོན། ནན་ཁྲེང་བསྒྲགས་གཏམ》སོགས་ཀྱི་གླེང་སྟེགས་གྲུབ་འབྲས་ཁྱབ་བསྒྲགས་བྱས།

གྲོས་ཚོགས་སྟེང་སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་སྐོར་དྲུག་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ106དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ8། སྐོར་དྲུག་པའི“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”ལག་ལེན་གསར་གཏོད་རྟེན་གཞི་ལ་མིང་བཏགས་ཏེ་སྒོ་བྱང་བཀལ་བ་དང་། སྐབས་གསུམ་པའི་ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་བྱ་དགའ་ཐོབ་པའི་སྔོན་ཐོན་ཐུན་མོང40དང་སྔོན་ཐོན་མི་སྒེར60། “2020ལོ་ནས2021ལོའི་ལྗང་མདོག་ཀྲུང་གོའི་ལོ་འཁོར་མི་སྣ”ཡི་བྱ་དགའ་ཐོབ་པའི་མི10ལ་མིང་བཏགས་ཏེ་གཟེངས་བསྟོད་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།