ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་དབྱི་ཐ་ལིའི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་པུའུ་ཀྲང་ཐཱ་ཡ་ཉི་ལ་ཁ་པར་བཏང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས21ཉིན། རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་གདན་དྲངས་བ་ལྟར་དབྱི་ཐ་ལིའི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་པུའུ་ཀྲང་ཐཱ་ཡ་ཉི་ལ་ཁ་པར་བཏང་།

ཝང་དབྱི་ཡིས་ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་ཀྱིས་གྲུབ་པའི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་བྱས་ཏེ། ཀྲུང་དབྱིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དེ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བར་ནང་དོན་གསར་བ་སྣོན་རྒྱུ་ཡིན། ཀྲུང་གོས་ཡོ་རོབ་ལ་ཕྱོགས་པའི་སྲིད་ཇུས་ལ་བརྟན་བརླིང་རང་བཞིན་རྒྱུན་འཁྱོངས་བྱས་ཡོད་ཅིང་། ཀྲུང་ཡོ་འབྲེལ་བ་དེ་ཕྱོགས་གསུམ་པ་དང་འབྲེལ་བ་མེད་པར་མ་ཟད། ཕྱོགས་གསུམ་པས་དབང་འོག་ཏུ་མི་ཚུད། ཡོ་རོབ་ཀྱི་ལས་རིགས་སོ་སོའི་གྲོགས་པོ་རྣམས་ཀྲུང་གོར་ཡོང་ནས་གནས་ཚུལ་དངོས་རྒྱུས་ལོན་བྱེད་པ་དང་ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་རོལ་མྱོང་བྱེད་པར་དགའ་བསུ་བྱེད་པ་དང་། དབྱི་ཐ་ལི་ཡིས་མུ་མཐུད་དུ་ཀྲུང་ཡོ་འབྲེལ་འདྲིས་ཁྲོད་ཕན་ནུས་འདོན་པའི་རེ་བ་བཏོན།

ཐཱ་ཡ་ཉི་ཡིས་དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཤིང་། དཔལ་འབྱོར་ཉོ་ཚོང་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་པར་བསྟན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།