ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚན་རིག་གླིང་གི་སྐབས་བཅུ་དྲུག་པའི་རིག་གཞུང་ཚོགས་ཆེན་དང་སྐབས་སུམ་ཅུ་པའི་ཡོན་ཧྲི་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚན་རིག་གླིང་གི་སྐབས་བཅུ་དྲུག་པའི་རིག་གཞུང་ཚོགས་ཆེན་དང་སྐབས་སུམ་ཅུ་པའི་ཡོན་ཧྲི་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་རྨང་གཞིའི་ཚན་རིག་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་པས། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚུད་པའི་འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་དུ་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་སྤྱིའི་ཚན་རྩལ་ལས་རིགས་ཀྱི་སྒོ་འབྱེད་དང་ཡིད་རྟོན། མཉམ་ལས་ཇེ་ཆེར་བཏང་སྟེ། ཚན་རིག་དར་རྒྱས་གོང་འཕེལ་གྱིས་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། གོ་ལ་ཧྲིལ་བོའི་འཕེལ་རྒྱས་གྲོས་གཞི་ལ་སྐུལ་འདེད་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་དངོས་འབེབས་བྱེད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བཅས་ཀྱི་ཐད་བྱས་རྗེས་འཇོག་འདོད་ཡོད།

འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚན་རིག་གླིང་གི་སྐབས་བཅུ་དྲུག་པའི་རིག་གཞུང་ཚོགས་འདུ་དང་སྐབས་སུམ་ཅུ་པའི་ཡོན་ཧྲི་ཚོགས་ཆེན་དེ་ཉིན་དེར་ཀྲའེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་དུ་མགོ་བརྩམས་པ་དང་། བརྗོད་དོན་ནི་རྨང་གཞིའི་ཚན་རིག་གིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁུངས་སྐྱེལ་ཇུས་ཆོད་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ཞེས་པ་དེ་ཡིན་ཞིང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚན་རིག་གླིང་གིས་གཙོ་སྒྲུབ་བྱས་པ་དང་། ཀྲའེ་ཅང་སློབ་ཆེན་གྱིས་འགན་སྒྲུབ་བྱས་ལ། ཀྲུང་གོ་ཚན་རིག་པའི་མཐུན་ཚོགས་དང་ཀྲུང་གོ་ཚན་རིག་གླིང་གིས་རོགས་སྒྲུབ་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།