ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཐའོ་ཁ་ཡེ་ཧྥུའུ་ལ་གློག་འཕྲིན་བཏང་ནས་ཧ་སག་སི་ཐན་གྱི་ཙུང་ཐུང་དུ་བདམས་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁ་སིའུ་མུའུ་རོ་མ་ཨར་ཐི་ཐའོ་ཁ་ཡེ་ཧྥུའུ་ལ་གློག་འཕྲིན་བཏང་ནས། ཁོ་རང་ཧ་སག་སི་ཐན་གྱི་ཙུང་ཐུང་དུ་བདམས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཐེངས་འདིར་ཁྱེད་རང་བདམས་ཐོན་བྱུང་བ་དེས། ཧ་སག་སི་ཐན་མི་དམངས་ཀྱིས་ཁྱེད་ལ་ཡིད་ཆེས་དང་རོགས་སྐྱོར་གང་ལེགས་བྱས་པ་མངོན་པར་མཚོན་ཡོད། ངས་ཀྲུང་ཧའིི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་ལ། ཁྱེད་རང་དང་མཉམ་དུ་འབད་པ་ཆེན་པོས་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར30ལོན་པ་མགོ་འཛུགས་ས་གསར་བར་བྱས་ཏེ། ཀྲུང་ཧའི་ཡུན་རིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། ལག་གདང་མཉམ་འབྲེལ་གྱིས་ཀྲུང་ཧའི་ལས་དབང་གཅིག་མཐུན་ཚོགས་པ་གསར་འཛུགས་བྱེད་པ་དང་། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།