ཀྲུང་གོ་བོད་ཀྱི་དྲ་བ།

ཞེ་ཀྲིན་ཧྭ་ཡིས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བར་མ་དངུལ་མང་པོ་འདོན་སྤྲོད་བྱེད་པའི་ལས་འགན་ཡོད་པར་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དེའི་དུས་ཚོད་ཚེས19ཉིན་གྱི་ཕྱི་དྲོ། 《མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》གི་ཐེངས་ཉེར་བདུན་པའི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱིས་ཚོགས་ཆེན(COP27)ལ་ཞུགས་བཞིན་པའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མིའམ་ཀྲུང་གོའི་གནམ་གཤིས་འགྱུར་ལྡོག་ལས་དོན་ཆེད་མངག་ཕོ་ཉ་ཞེ་ཀྲིན་ཧྭ་ཡིས་ཀྲུང་གོ་འཐུས་མི་ཚོགས་པའི་གཞུང་ལས་ཁང་ནས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་ཏེ། (COP27)སྟེང་དོ་སྣང་ཆེན་པོ་བྱེད་པའི་གྱོང་རྒུད་དང་གནོད་ཐེབས་དངུལ་རྩའི་བཀོད་སྒྲིག་གནད་དོན་ཐད་ནས་ཀྲུང་གོ་ཕྱོགས་ཀྱི་བསམ་ཚུལ་གསལ་བོར་བཏོན།

ཞེ་ཀྲིན་ཧྭ་ཡིསCOP27གྱི་སྟེང་ཐོག་དང་པོར་གྱོང་རྒུད་དང་གནོད་ཐེབས་དངུལ་རྩའི་བཀོད་སྒྲིག་གནད་དོན་དེ་ཚོགས་འདུའི་གྲོས་རིམ་ཁྲོད་བཅུག་པ་དང་། དར་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དོ་ཁུར་ལ་ལན་བཏབ་པས། དེ་ནི་འཕེལ་རིམ་ཆེན་པོ་ཞིག་ཡིན་པར་བསྟན། ཁོང་གིས《པ་ལི་ཆོས་དོན》ཁྲོད་གཏན་ཁེལ་གསལ་བོ་བྱས་ཡོད་པ་ལྟར་ན། གནམ་གཤིས་དངུལ་རྩ་ཡང་ན་མཐུན་པའི་དངུལ་རྩ། ཐ་ན་གྱོང་རྒུད་དང་གནོད་ཐེབས་དངུལ་རྩ་གང་ཡིན་རུང་། དར་རྒྱས་ཆེ་བའི་རྒྱལ་ཁབ་ལ་མ་དངུལ་གཏོང་བའི་འགན་འཁྲི་དང་འོས་འགན་ཡོད་ཅིང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རང་འདོད་ལྟར་མ་དངུལ་གཏོང་དགོས་པར་བསྟན།

ཞེ་ཀྲིན་ཧྭ་ཡིས་གྱོང་རྒུད་དང་གནོད་ཐེབས་དངུལ་རྩའི་ཁེ་ཕན་ཐོབ་མཁན་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན། འོན་ཀྱང་མ་དངུལ་གྱི་གཞི་ཁྱོན་ཚད་ཡོད་ཡིན་པས། ཐོག་མར་གནམ་གཤིས་འགྱུར་ལྡོག་གིི་མདུན་དུ་ཆེས་ཉམ་ཞན་དང་ཆེས་དགོས་མཁོ་ཆེ་བའི་རྒྱལ་ཁབ་ལ་སྟེར་དགོས་པར་བསྟན།

ཞེ་ཀྲིན་ཧྭ་ཡིས་ཀྲུང་གོ་ཕྱོགས་ཀྱིས་ལྷོ་ལྷོ་མཉམ་ལས་དང་ལྗང་མདོག་རྒྱུད་གཅིག་ལམ་གཅིག་སོགས་བརྒྱུད་དེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ནུས་པ་ཇེ་མཐོར་གཏོང་བར་རོགས་སྐྱོར་བྱ་རྒྱུ་ཡིན་ལ། དཔེར་ན་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་སླར་སྐྱེ་ནུས་ཁུངས་འཕེལ་རྒྱས་སུ་གཏོང་བ་དང་། ཐཱན་དམའ་བའི་ཚུལ་སྒྱུར་དཔེ་སྟོན་ཁུལ་སྐྲུན་པ། དཔོན་རིགས་དང་ལག་རྩལ་མི་སྣ་གསོ་སྦྱོང་བྱེད་པར་རོགས་སྐྱོར་བྱེད་འདོད་ཡོད་པར་ནན་གྱིས་བསྟན།

འཆར་གཞི་ལྟར་ནCOP27ཚེས18ཉིན་མཇུག་སྒྲིལ་རྩིས་ཡོད་ཅིང་། ཕྱོགས་སོ་སོས་གནམ་གཤིས་འཕྲི་འགྱངས་དང་མཐུན་པའི་དངུལ་བསྡུ། གྱོང་རྒུད་དང་གནོད་ཐེབས་དངུལ་རྩ་བཀོད་སྒྲིག་སོགས་ཀྱི་གྲོས་དོན་ཐད་ནས་ཕྱོགས་འགལ་ཆེ་བས། ཚོགས་ཆེན་མཇུག་བསྡུ་བའི་དུས་ཚོད་ནར་འགྱངས་བྱས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།