ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་སྔོན་མ10རིང་རང་རྒྱལ་གྱིས་ཕྱི་རྒྱལ་གྱི་མ་དངུལ་འགུག་ཚད་དུས་མཉམ་ལས14.4%འཕར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོང་དོན་པུའུ་ཡིས་ཚེས17ཉིན་བསྒྲགས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། 2022ལོའི་ཟླ1པོ་ནས་ཟླ10པའི་བར་དུ། རང་རྒྱལ་གྱིས་དོན་དངོས་ཐོག་ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད་བྱེད་ཚད་མི་དམངས་ཤོག་སྒོར་དུང་ཕྱུར10898.6ཡིན་པ་དང་། བསྡུར་ཆོག་པའི་གཞི་གྲངས་ལྟར་ན་དུས་མཉམ་ལས14.4%འཕར་བ་དང་། ཨ་སྒོར་དུང་ཕྱུར1683.4ཡིན་ཞིང་དུས་མཉམ་ལས17.4%འཕར་ཡོད།

ལས་རིགས་ཐད་ལ་བལྟས་ན། རང་རྒྱལ་ཞབས་ཞུ་ལས་རིགས་ཀྱིས་དོན་དངོས་ཐོག་ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད་བྱེད་ཚད་དམངས་སྒོར་དུང་ཕྱུར7988.4ཡིན་ལ་དུས་མཉམ་ལས4.8%འཕར་ཡོད། མཐོ་རིམ་ལག་རྩལ་ཐོན་ལས་ཀྱིས་དོན་དངོས་ཐོག་ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད་བྱེད་ཚད་དུས་མཉམ་ལས31.7%འཕར་ཞིང་། དེའི་ནང་མཐོ་རིམ་ལག་རྩལ་གསར་སྐྲུན་ལས་རིགས་དུས་མཉམ་ལས57.2%འཕར་བ་དང་། མཐོ་རིམ་ལག་རྩལ་ཞབས་ཞུ་ལས་རིགས་དུས་མཉམ་ལས25%འཕར་ཡོད།

འབྱུང་ཁུངས་ཐད་ལ་བལྟས་ན། ལྷོ་ཁོ་རེ་ཡ་དང་འཇར་མན། དབྱིན་ཇི། འཇར་པན་བཅས་ཀྱིས་དོན་དངོས་ཐོག་ཀྲུང་གོར་མ་དངུལ་གཏོང་ཚད་དུས་མཉམ་ལས་སོ་སོར106.2%དང95.8%། 40.1%། 36.8%བཅས་འཕར་ཡོད།

ས་ཁོངས་ཁྱབ་ཚུལ་ལ་གཞིགས་ན། རང་རྒྱལ་གྱི་ཤར་རྒྱུད་དང་དབུས་རྒྱུད། ནུབ་རྒྱུད་བཅས་ས་ཁུལ་གྱིས་དོན་དངོས་ཐོག་ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད་བྱེད་ཚད་དུས་མཉམ་ལས་སོ་སོར12.4%དང33.6%། 26.9%བཅས་འཕར་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།