ཀྲུང་གོ་བོད་ཀྱི་དྲ་བ།

ཕེང་ལི་ཡོན་རྒྱལ་ཁབ་ཉི་ཤུའི་མགོ་ཁྲིད་པའི་དབུ་ཚོགས་ཀྱི་བཟའ་ཟླའི་བྱེད་སྒོར་ཞུགས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-11-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

f44d30758a6124de732a03.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ས་གནས་དེ་གའི་དུས་ཚོད་ཚེས15ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕེང་ལི་ཡོན་པ་ལི་གླིང་ཕྲན་དུ་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་གི་ལྕམ་མོ་དབྱི་ལི་ཡ་ནཱ་ཡིས་རྩ་འཛུགས་བྱས་པའི་རྒྱལ་ཁབ་ཉི་ཤུའི་མགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་བདུན་པའི་མགོ་ཁྲིད་ཀྱི་བཟའ་ཟླའི་བྱེད་སྒོར་ཞུགས་པ་རེད།    

ཕེང་ལི་ཡོན་འབྱོར་དུས། དབྱི་ལི་ཡ་ནཱ་ཡིས་སྒོ་འགྲམ་དུ་སྤྲོ་སེམས་འཁོལ་བའི་ངང་བསུ་མ་ཞུས་པ་མ་ཟད་མཉམ་དུ་འདྲ་པར་བླང་པ་རེད། ཕེང་ལི་ཡོན་གྱིས་མགོ་ཁྲིད་གཞན་དག་གི་བཟའ་ཟླ་དང་མཉམ་དུ་པ་ལི་གླིང་ཕྲན་གྱི་ཁྱད་ལྡན་ཞབས་བྲོར་གཟིགས་པ་དང་། མཉམ་དུ་དྲན་རྟེན་སྐུ་པར་བླངས་པ་རེད།

དབྱི་ལི་ཡ་ནཱ་ཡི་ཕེབས་རོགས་འོག   ཕེང་ལི་ཡོན་གྱིས་ས་གནས་དེ་གའི་རོལ་ཆས་དང་གྱོན་ཆས།  སྦ་སྒྲིག འཚེམ་དྲུབ། སྣོད་བཅུད་བཟའ་བཅའི་འགྲེམས་སྟོན་ལ་གཟིགས་པ་དང་།   ཧིན་རྡུ་ཉི་ཞི་ཡའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཐོན་རྫས་ལ་ཉམས་ལེན་བྱས། ཕེང་ལི་ཡོན་གྱིས་ཐེངས་འདེིའི་རྒྱལ་ཁབ་ཉི་ཤུའི་མགོ་ཁྲིད་པའི་དབུ་ཚོགས་ཀྱི་མཚོན་རྟགས་དང་མེ་ཏོག་གི་པར་རིས་དངོས་སུ་བསླས་འཐག་ཁུག་མའི་སྟེང་དཔར་བ་རེད།     ཕུང་ལི་ཡོན་གྱིས་ཧིན་རྡུ་ཉི་ཞི་ཡས་ལག་ཤེས་ཐོན་རྫས་བཟོ་རྩལ་དང་བུད་མེད་ལ་ནུས་སྤྲོད། དབུལ་སྒྲོལ་དང་སྐྱེ་ཁམས་སྲུང་སྐྱོང་ཟུང་འབྲེལ་བྱས་པའི་འདུ་ཤེས་ལ་བསྔགས་བརྗོད་གནང་བ་མ་ཟད།    རྒྱལ་ཁབ་གཉིས་ཀྱིས་འབྲེལ་ཡོད་ཁྱབ་ཁོངས་སུ་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ས་ཁུལ་གྱི་ཐོན་ལས་དབུལ་སྐྱོར་དང་སྣོད་བཅུད་སྲུང་སྐྱོང་ཐད་སྟོབས་ཤུགས་འབུལ་ཆོག་ཅེས་བཤད་པ་རེད།   །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།