ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་ཁམ་ཕུ་ཁྲེ་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་ཧུང་སིན་དང་གྲོས་མོལ་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-11-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1129115915_16680137000201n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲམ་ཕུ་ཁྲེ་རྒྱལ་པོའི་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་ཧུང་སིན་གྱིས་གདན་དྲངས་པ་ལྟར་དུ། ས་དེའི་དུས་ཚོད་ཟླ11པའི་ཚེས8ཉིན་གྱི་དགོང་མོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཆེད་བཏང་གནམ་གྲུར་བསྡད་ནས་ཁམ་ཕུ་ཁྲེའི་རྒྱལ་ས་ཅིན་པེན་དུ་འབྱོར། ལི་ཁེ་ཆང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས25པ་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་། ཀྲུང་གོ་དང་འཇར་པན། ཧན་གོ་གསུམ་གྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས25པ། ཨེ་ཤེ་ཡ་ཤར་མའི་མཐོ་རིམ་གླེང་སྟེགས་སྐབས17པ་བཅས་སུ་ཞུགས་རྒྱུ་མ་ཟད། ཁམ་ཕུ་ཁྲེ་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་བྱ་རྒྱུ་རེད།

ལི་ཁེ་ཆང་བསྡད་པའི་ཆེད་བཏང་གནམ་གྲུ་ཁམ་ཕུ་ཁྲེའི་རྒྱལ་ས་ཅིན་པེན་དུ་འབྱོར་སྐབས། ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་གཞོན་པ་ཧི་ནན་ཧུང་གིས་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཁྲིད་དེ། གནམ་གྲུ་ཐང་ནས་བསུ་མ་བྱས། ཙུང་ལི་ལི་ཁེ་ཆང་གི་ལྕམ་མོ་ཁྲིན་ཧུང་དང་། རྒྱལ་སྲིད་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་ཁུར་མཁན་ཞའོ་ཅེ་སོགས་ཀྱང་ལི་ཁེ་ཆང་དང་མཉམ་དུ་ས་དེར་འབྱོར། ཁམ་ཕུ་ཁྲེ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝང་ཝུན་ཐེན་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དུ་སྡོད་པའི་གཞུང་ཚབ་ཆེན་མོ་ཏིན་ཞི་ཅུན་གཉིས་ཀྱང་གནམ་གྲུ་ཐང་དུ་བསུ་མ་བྱེད་པར་ཐོན།

ལི་ཁེ་ཆང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གཉིས་ཕན་ཚུན་ཕྱོགས་ཡོངས་ཀྱི་འཐབ་ཇུས་ཟླ་གྲོགས་དང་ཉོ་ཚོང་ཟླ་གྲོགས་ཆེ་ཤོས་སུ་གྱུར་ཡོད། མིག་སྔར་རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་རྙོག་འཛིང་ཆེ་ཞིང་འཕོ་འགྱུར་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད་ཅིང་། ངེས་གཏན་མེད་པའི་རྒྱུ་རྐྱེན་སྣ་ཚོགས་མང་དུ་འཕེལ་བཞིན་པ་བཅས་ཀྱི་དབང་གིས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྔར་བྱུང་མ་མྱོང་བའི་འགྲན་སློང་གནས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་ཤར་མའི་མཉམ་ལས་མགོ་ཁྲིད་པའི་ཚོགས་འདུ་རབ་དང་རིམ་པས་འཕེལ་རྒྱས་དང་མཉམ་ལས་ལ་དམ་པོར་དམིགས་ཏེ། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་རྒྱུན་འཁྱོངས་བྱེད་པ། སྒོ་འབྱེད་མཉམ་ལས་དང་གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་པ། གོ་ལ་ཧྲིལ་པོའི་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་བདེ་འཇགས་ངང་ཤར་གཏོང་ཐུབ་པར་མཉམ་དུ་སྲུང་སྐྱོབ་བྱེད་པ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ལག་གདང་སྦྲེལ་ནས་ཁ་གཏད་འཇལ་བ། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ལ་སྲུང་སྐྱོང་བྱེད་ཆེད་སྒུལ་ཤུགས་གསར་པ་སྣོན་ཐུབ་པར་རེ་ལྟོས་བྱེད་བཞིན་ཡོད་ཅེས་བསྟན།

ལི་ཁེ་ཆང་གིས་ཀྲུང་གོ་དང་ཁམ་ཕུ་ཁྲེ་ཁྱིམ་མཚེས་རྒྱལ་ཁབ་གཉིས་བར་དུ་སྲོལ་རྒྱུན་གྱི་མཛའ་བརྩེ་ཟབ་མོ་ལྡན་ལ། གཉིས་ཕན་མཉམ་ལས་ལ་འཕེལ་རྒྱས་གསར་པ་ཟམ་མ་ཆད་པར་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐེངས་འདིའི་འཚམས་འདྲི་བརྒྱུད་དེ། ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ་མཐུན་སྒྲིལ་མཛའ་མཐུན་དང་མཉམ་ལས་ཀྱི་ཇུས་ཆེན་ལ་ལྷན་དུ་གྲོས་བསྡུར་བྱས་ནས། ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་གྲུབ་འབྲས་སྔར་ལས་མང་བ་ཐོབ་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེན་པོ་བསྐྲུན་པར་རེ་ལྟོས་བྱེད་བཞིན་ཡོད་ཅེས་བསྟན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།