ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས《བསམ་འཆར》དཔར་འགྲེམ་བྱས་ཏེ་དམག་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-11-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཉེ་ལམ《ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པའི་སྐོར་གྱི་བསམ་འཆར》དཔར་འགྲེམ་བྱས་ཏེ། དམག་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པའི་ཕྱོགས་ནས་བཀོད་སྒྲིག་བྱས། 

《བསམ་འཆར》ལས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པ་ནི་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་རིང་གི་ཏང་ཡོངས་དང་རྒྱལ་ཡོངས། དམག་ཡོངས་ཀྱི་ཆབ་སྲིད་ལས་འགན་དང་པོ་ཡིན་པས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པའི་ཆབ་སྲིད་འགན་འཁྲི་ལ་ཤུགས་བསྣན་ཏེ། བློ་ཞིབ་མོས་ཇུས་འགོད་དང་རྩ་འཛུགས་བྱས་ཏེ། ཆབ་སྲིད་འགན་འཁུར་དྲག་པོ་དང་རྩ་འཛུགས་མགོ་ཁྲིད་ནུས་ལྡན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱ་བར་དམ་འཛིན་བྱེད་པ་དང་ལེགས་པོར་སྒྲུབ་ཏེ་ཕན་འབྲས་དངོས་ཐོན་དགོས་པར་བསྟན།

《བསམ་འཆར》ལས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ཡང་དག་པར་སློབ་སྦྱོང་དང་ཤེས་རྟོགས་བྱེད་དགོས་པ་གསར་བོར་བསྟན་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་བརྗོད་དོན་ལ་དམིགས་ཏེ། ཇི་མ་ཇི་བཞིན་དང་ཡིག་འབྲུ་རེ་རེ་བཞིན་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་དང་ཏང་གི་སྒྲིག་ཡིག་སློབ་སྦྱོང་བྱས་ཏེ། ཞི་ཀྲུའུ་ཞི་ཡི་ཆེས་གསར་བ་དང་ཆེས་གལ་ཆེ་བའི་གསུང་བཤད་དགོངས་དོན་སློབ་སྦྱོང་གི་རྗེས་འདེད་དགོས། “གཏན་ཕབ་གཉིས”ཀྱི་གཏན་འཁེལ་རང་བཞིན་གྱི་དོན་སྙིང་ཤེས་རྟོགས་ཟབ་མོ་བྱས་ཏེ། སྔར་ལས་ལྷག་པར“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱས་ཏེ། དམག་ཨུའི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ལག་བསྟར་བྱས་པ་བརྒྱུད། འགུལ་སྐྱོད་ཡོད་ཚད་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་། ཞི་ཀྲུའུ་ཞི་བཅས་ཀྱི་བཀོད་འདོམས་ལ་ཉན་དགོས། “ཁོང་དུ་དམ་པོར་ཆུད་དགོས་པ་ལྔ”ཡི་བླང་བྱར་དམིགས་ཏེ། གཏིང་ཟབ་ལ་རྒྱུན་མཐུད་ངང་སློབ་སྦྱོང་སློབ་གསོ་ལེགས་པོར་བཟུང་ནས། རིམ་པ་དང་སྐོར་ཐེངས་དབྱེ་ནས་ཆེད་དོན་སློབ་སྦྱོང་བྱེད་དགོས་ཤིང་། དྲིལ་སྒྲོག་དང་འགྲེལ་བཤད་ལ་རྩ་འཛུགས་ཞིབ་ཕྲ་བྱས་ཏེ། དམག་ཡོངས་ཀྱི་བསམ་བློ་དང་འགུལ་སྐྱོད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་བྱེད་དགོས།

《བསམ་འཆར》ལས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པའི་དོ་ཁུར་བྱེད་ས་དང་ཤུགས་སྣོན་ས་དེ་དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བར་བྱེད་པའི་སྟེང་འཇོག་དགོས། དམག་དཔུང་གི་ཏང་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ་དང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་དམག་དཔུང་གི་འཛུགས་སྐྲུན་དང་ལས་དོན་ཁག་གི་ཁྲོད་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས་ཞེས་ནན་གྱིས་བསྟན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།