ཀྲུང་གོ་བོད་ཀྱི་དྲ་བ།

བློ་མཐུན་ཀྲང་ཡིའུ་ཞ་དང་ཀྲང་ཀའོ་ཆིན་སོགས་ཀྱི་མཚམས་སྦྱོར་མདོར་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-10-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

46d7a50fb643e7652df33d544633bc3.jpg

བློ་མཐུན་ཀྲང་ཡིའུ་ཞ་ཡི་མཚམས་སྦྱོར་མདོར་བསྡུས།

 ཀྲང་ཡིའུ་ཞ། ཕོ། རྒྱ་རིགས། 1950ལོའི་ཟླ7པར་སྐྱེས། ཧྲན་ཞི་ཝེ་ནན་གྱི་མི་ཡིན། 1968ལོའི་ཟླ12པར་དམག་ནང་དུ་ཞུགས་ཤིང་། 1969ལོའི་ཟླ5བར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། དམག་དོན་སློབ་གླིང་གི་རྩ་བའི་སྡེ་ཁག་ནས་སློབ་མཐར་ཕྱིན། ཆེད་སྦྱོང་བསླབ་གནས་ཡིན། 

ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པའི་འགན་བཞེས་ཡོད། སྐམ་དམག་ཧྲང་ཅང་གི་དམག་མིའི་གོ་ཐོབ་ཡོད།

96efbc62095df0929a2a8143dc8653b.jpg

བློ་མཐུན་ཀྲང་ཀའོ་ཆིན་གྱི་མཚམས་སྦྱོར་མདོར་བསྡུས། 

ཀྲང་ཀའོ་ཆིན། ཕོ། རྒྱ་རིགས། 1964ལོའི་ཟླ8པར་སྐྱེས། ཧི་ནན་ལའོ་ཧྲན་གྱི་མི་ཡིན། 1985ལོའི་ཟླ9པར་བྱ་བར་ཞུགས་ཤིང་། 1984ལོའི་ཟླ7པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཆིན་ཧྭ་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་གྲངས་ཀའི་དཔལ་འབྱོར་རིག་པའི་ཆེད་ལས་ནས་སློབ་མཐར་ཕྱིན། ལས་ཐོག་ཞིབ་འཇུག་སློབ་མའི་བསླབ་གནས་དང་། དཔལ་འབྱོར་རིག་པའི་འབུམ་རམས་པའི་བསླབ་གནས། ཞིབ་འཇུག་པ་རིམ་པའི་མཐོ་རིམ་བཟོ་སྐྲུན་པ་བཅས་ཡིན།

ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ལའོ་ཉིན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས་ཡོད། 

49fe7879b203e66943f26833b32e0f2.jpg

བློ་མཐུན་ཁྲིན་ཝུན་ཆིན་གྱི་མཚམས་སྦྱོར་མདོར་བསྡུས། 

ཁྲིན་ཝུན་ཆིན། ཕོ། རྒྱ་རིགས། 1960ལོའི་ཟླ1པོར་སྐྱེས། སི་ཁྲོན་རིན་ཧྲོའུ་ཡི་མི་ཡིན། 1984ལོའི་ཟླ7པར་བྱ་བར་ཞུགས། 1983ལོའི་ཟླ3པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས་ཤིང་། ལྷོ་ནུབ་སྲིད་ཁྲིམས་སློབ་གླིང་བཅའ་ཁྲིམས་སྡེ་ཁག་བཅའ་ཁྲིམས་ཆེད་ལས་ནས་སློབ་མཐར་ཕྱིན། སློབ་ཆེན་བསླབ་གནས་ཡིན།

ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཧྲུའུ་ཅི། རྒྱལ་ཁབ་བདེ་འཇགས་པུའུ་ཡི་པུའུ་ཀྲང་དང་ཏང་ཨུའི་ཧྲུའུ་ཅི། སྤྱིའི་ཉེན་རྟོག་ལྟ་སྐུལ་བའི་འགན་བཞེས་ཡོད། 

1d5fd3e1f94909ddcb16d9251430b38.jpg

བློ་མཐུན་ཁྲིན་ཅི་ཉིང་གི་མཚམས་སྦྱོར་མདོར་བསྡུས།

 ཁྲིན་ཅི་ཉིང་། ཕོ། རྒྱ་རིགས། 1964ལོའི་ཟླ2པར་སྐྱེས། ཅི་ལིན་ལི་ཧྲུའུ་ཡི་མི་ཡིན། 1998ལོའི་ཟླ4པར་བྱ་བར་ཞུགས། 1984ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། དབྱིན་ཇིའི་ཏི་ཀའོ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་གླིང་གི་ས་ཤིང་ཁོར་ཡུག་སྡེ་ཁག་དབྱེ་ཞིབ་ཆེད་ལས་ནས་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་བསླབ་གནས་དང་བཟོ་ལས་རིག་པའི་རབ་འབྱམས་པའི་བསླབ་གནས། དགེ་རྒན་ཆེན་མོ་བཅས་ཡིན།

 ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། པེ་ཅིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲི་ཀྲང་། པེ་ཅིན2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་ཞི། ཏང་ཙུའུ་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་བཞེས་ཡོད། 

69858880400a4793dd0f4a9687c899d.jpg

བློ་མཐུན་ཁྲིན་མིན་ཨར་གྱི་མཚམས་སྦྱོར་མདོར་བསྡུས།

 ཁྲིན་མིན་ཨར། ཕོ། རྒྱ་རིགས། 1960ལོའི་ཟླ9པར་སྐྱེས། ཀྲེ་ཅང་ཀྲུའུ་ཅིའི་མི་ཡིན། 1981ལོའི་ཟླ8པར་བྱ་བའི་སྟེང་ཞུགས། 1982ལོའི་ཟླ9པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་བསླབ་གནས་ཡིན།

ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཁྲུང་ཆིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་ཡོད། 

23b0cf7f580144edb702a4c9fb07644.jpg

བློ་མཐུན་ཡོན་ཅ་ཅུན་གྱི་མཚམས་སྦྱོར་མདོར་བསྡུས།

ཡོན་ཅ་ཅུན། ཕོ།  རྒྱ་རིགས། 1962ལོའི་ཟླ9པར་སྐྱེས། ཅི་ལིན་ཐུང་ཧྭ་ཡི་མི་ཡིན། 1987ལོའི་ཟླ7པར་བྱ་བའི་སྟེང་ཞུགས། 1992ལོའི་ཟླ11པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས་ཤིང་། མཁའ་བསྐྱོད་འཕུར་བསྐྱོད་པུའུ་ཞིབ་འཇུག་གླིང་ལྔ་བའི501པུའུ་ཡི་བར་སྣང་འཕུར་བསྐྱོད་འཕྲུལ་ཆས་འཆར་འགོད་ཆེད་ལས་ནས་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་བསླབ་གནས་དང་། བཟོ་བཀོད་རིག་པའི་རབ་འབྱམས་པའི་བསླབ་གནས། ཞིབ་འཇུག་པ་བཅས་ཡིན།

ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲེ་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས་ཡོད། 

d449f23376336b3ad4f3ad21de9b2c3.jpg

བློ་མཐུན་ཧོང་ཁུན་མིང་གི་མཚམས་སྦྱོར་མདོར་བསྡུས།

ཧོང་ཁུན་མིང་། ཕོ། རྒྱ་རིགས། 1956ལོའི་ཟླ11པར་སྐྱེས། ཧྥུའུ་ཅན་ཧྲང་ཧང་གི་མི་ཡིན། 1974ལོའི་ཟླ12པར་བྱ་བའི་སྟེང་ཞུགས། 1976ལོའི་ཟླ10པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཆིན་ཧྭ་སློབ་ཆེན་སྤྱི་བའི་དོ་དམ་སློབ་གླིང་སྤྱི་བའི་དོ་དམ་ཆེད་ལས་ནས་སློབ་མཐར་ཕྱིན། ལས་ཐོག་ཞིབ་འཇུག་སློབ་མ་དང་དོ་དམ་རིག་པའི་འབུམ་རམས་པའི་བསླབ་གནས་ཡིན།

ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གི་འགན་བཞེས་ཡོད། 

6aa9dc249607857e7d7c30e70599ecb.jpg

བློ་མཐུན་ལིའུ་ཅིན་ཀའོ་ཡི་མཚམས་སྦྱོར་མདོར་བསྡུས།

ལིའུ་ཅིན་ཀའོ། ཕོ། རྒྱ་རིགས། 1955ལོའི་ཟླ4པར་སྐྱེས། ཧི་པེ་ཁྲང་ལིའི་མི་ཡིན། 1976ལོའི་ཟླ12པར་བྱ་བའི་སྟེང་ཞུགས་ཤིང་། 1975ལོའི་ཟླ9པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་ཆེན་བསླབ་གནས་ཡིན།

ད་ལྟ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། རྒྱལ་ཁབ་ལྟ་སྐུལ་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། རིམ་པ་དང་པོའི་སྤྱིའི་ལྟ་སྐུལ་ཞིབ་དཔྱོད་དཔོན་གཞོན་པའི་འགན་བཞེས་ཡོད། 

94036e8aa7a00dc2367655ee783398d.jpg

བློ་མཐུན་ཝང་ཞའོ་ཧུང་གི་མཚམས་སྦྱོར་མདོར་བསྡུས།

ཝང་ཞའོ་ཧུང་། ཕོ། རྒྱ་རིགས། 1957ལོའི་ཟླ7པར་སྐྱེས། ཧྥུའུ་ཅན་ཧྥུའུ་ཀྲོའུ་ཡི་མི་ཡིན། 1974ལོའི་ཟླ7པར་བྱ་བའི་སྟེང་ཞུགས། 1982ལོའི་ཟླ12པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་ཆེན་བསླབ་གནས་ཡིན།

 ད་ལྟ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་། སྤྱི་བདེ་པུའུ་ཡི་པུའུ་ཀྲང་ངམ་ཏང་ཨུའི་ཧྲུའུ་ཅི། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། སྤྱིའི་ཉེན་རྟོག་ལྟ་སྐུལ་པའི་འགན་བཞེས་ཡོད།

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།