ཀྲུང་གོ་བོད་ཀྱི་དྲ་བ།

《ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི》རྗེས་དྲན་སྦྲག་རྟགས་ཚེས16ཉིན་འགྲེམ་སྤེལ་བྱ་རྒྱུ་རེད།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-10-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་སྦྲག་སྲིད་ཀྱིས་ཟླ10པའི་ཚེས16ཉིན《ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི》རྗེས་དྲན་སྦྲག་རྟགསའགྲེམ་སྤེལ་བྱ་རྒྱུ་གཏན་འཁེལ་བྱས་པ་དེར་སྦྲག་རྟགས་ཆ་ཚང་རེར་སྦྲག་རྟགས2དང་། སྦྲག་རྟགས་ཆུང་བ1ཡོད། འཆར་གཞི་ལྟར་ན་སྦྲག་རྟགས་ཆ་ཚང་ཁྲི1390འགྲེམ་སྤེལ་བྱ་རྒྱུ་ཡིན་པ་དང་། སྦྲག་རྟགས་ཆུང་བ་ཁྲི790འགྲེམ་སྤེལ་བྱ་རྒྱུ་རེད།

སྦྲག་རྟགས་དང་པོའི་པར་རིས་དུས་རབས་གསར་བར་འབད་པས་བསྐྱོད་ཅེས་པས་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་དང་བདེ་སྡོད་ལས་བརྩོན་གྱི་དུས་རབས་གསར་བའི་རྣམ་པ་མཚོན་ཡོད་ལ། པར་རིས་གཉིས་པ་དུས་རབས་གསར་བར་བྱས་རྗེས་འཇོག་ཅེས་པས་མི་རྣམས་ཀྱིས་རྔམ་བརྗིད་ཀྱི་ཏང་དར་འོག་གཟབ་ནན་སྒོས་དམ་བཅའ་འཇོག་པའི་རྣམ་པ་མཚོན་ཡོད། སྦྲག་རྟགས་ཆུང་བ་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པ་ཞེས་པས་ཏང་རྟགས་དང་དར་དམར། མི་དམངས་ཚོགས་ཁང་ཆེན་མོ། རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་དགའ་སྟོན་བྱེད་པ་བཅས་གཙོ་བོར་བཟུང་ནས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་བརྩོན་དང་ཐུན་མོང་ངང་ཏང་གི་ཚོགས་ཆེན་ཉི་ཤུ་པ་བསྡུ་བར་རྟེན་འབྲེལ་ཞུ་པའི་དགའ་སྤྲོའི་བསམ་པ་མངོན་པར་བྱས་ཡོད།

སྦྲག་རྟགས་དེ་རྒྱལ་ཡོངས་ཀྱི་གཏན་ཁེལ་སྦྲག་སྲིད་ས་ཚིགས་དང་སྦྲག་རྟགས་བསྡུ་གསོག་དྲ་ཚིགས། ཀྲུང་གོ་སྦྲག་སྲིད་ཁ་པར་སྤྱོད་སྣེ། ཀྲུང་གོ་སྦྲག་སྲིད་སྐད་འཕྲིན་དྲ་ཐོག་ཚོང་ཁང་དང་ཀྲུང་གོ་སྦྲག་སྲིད་ཀྱི་སྐད་འཕྲིན་བྱ་རིམ་ཆུང་བ་བཅས་སུ་ཕྱིར་འཚོང་བྱ་རྒྱུ་ཡིན་ཞིང་། ཕྱིར་འཚོང་དུས་ཡུན་ཟླ6རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།