ཀྲུང་གོ་བོད་ཀྱི་དྲ་བ།

ཏང་གི་ཚོགས་ཆེན་ཉི་ཤུ་པ་ཚེས16ཉིན་པེ་ཅིང་དུ་འཚོག་རྒྱུ་ཡིན་པ་དང་རྒྱང་སྒྲོག་བརྙན་འཕྲིན་གསར་འགྱུར་དྲ་ཚིགས་སོགས་ཀྱིས་ཡུལ་དངོས་ཐད་གཏོང་བྱ་རྒྱུ་རེད།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-10-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་ཚེས16ཉིན་གྱི་སྔ་དྲོའི་ཆུ་ཚོད10སྟེང་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་ནས་མགོ་རྩོམ་རྒྱུ་རེད།

སྐབས་དེར། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་དང་ཞིན་ཧྭ་དྲ་བས་ཡུལ་དངོས་ནས་ཐད་གཏོང་བྱ་རྒྱུ་ཡིན་པ་དང་། རྒྱལ་ཡོངས་ཀྱི་རིམ་པ་སོ་སོའི་རྒྱང་སྒྲོག་བརྙན་འཕྲིན་གྱི་གཙོ་ལམ་དང་འཕྲིན་ལམ། གསར་འགྱུར་དྲ་ཚིགས་སོ་སོ། སྨྱན་བྱད་སྟེགས་བུ་བཅས་དང་རྒྱལ་ཡོངས་ཀྱི་ཕྱི་རོལ་བརྙན་ཡོལ་ཆེན་མོ། སྤོ་སྒུལ་བརྙན་འཕྲིན་སོགས་ཀྱིས་དུས་མཉམ་དུ་བརྒྱུད་གཏོང་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།